ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་བདམས་པའི་2025ལོའི་ཀྲུང་གོའི་ལུས་རྩལ་པ་ཡག་ཤོས་བཅུ།

ཧྲི་ཡུས་ཆི། (སྐྱེས་པ། ལོ་29 བྱ་སྒྲོའི་སྤོ་ལོ)
ཧྲི་ཡུས་ཆིས་བྱ་སྒྲོའི་སྤོ་ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ལོ་10ཡི་རྗེས་སུ་བསྐྱར་དུ་སྐྱེས་པའི་རྐྱང་རྒྱག་གི་ཨང་དང་པོ་བླངས་ཡོད། ཁོང་གིས་ད་ལོ་ད་དུང་འཛམ་གླིང་བྱ་སྒྲོའི་སྤོ་ལོའི་ལྷན་ཚོགས་ཀྱི་ཡོངས་བསྒྲགས་འགྲན་བསྡུར་གྱི་ས་ཚིགས་མང་པོ་ནས་ཨང་དང་པོ་བླངས་ཏེ་སྐོར་སྐྱོད་འགྲན་བསྡུར་སྐབས་ཀྱི་འཛམ་གླིང་བྱ་སྒྲོའི་སྤོ་ལོའི་ལྷན་ཚོགས་ཀྱི་ས་ཚིགས་བཞིའི་རིམ་འདས་འགྲན་བསྡུར་1000ནང“ཨང་དང་པོ་ཆ་ཚང”ལེན་མཁན་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པར་གྱུར་པས། འཛམ་གླིང་བྱ་སྒྲོའི་སྤོ་ལོའི་ལྷན་ཚོགས་ཀྱིས་ལོ་འཁོར་གྱི་སྐྱེས་པའི་རྐྱང་རྒྱག་གི་ལུས་རྩལ་པ་ཡག་ཤོས་ལ་བདམས་ཡོད། འདི་ནི་2025ལོའི་ཟླ་8ཚེས་31ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཧྲི་ཡུས་ཆིས་2025ལོའི་འཛམ་གླིང་བྱ་སྒྲོའི་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་གི་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་ལེན་བཞིན་པ།

ཁྲེན་ཡུས་ཤིས། (བུད་མེད། ལོ་20 ཆུ་མཆོང)
ཁྲེན་ཡུས་ཤིས་ཀྱིས་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་བུད་མེད་ཀྱི་མི་སྒེར་གྱི་མཆོང་སྟེགས་སྨི་10དང་། མི་གཉིས་ཀྱི་མཆོང་སྟེགས་སྨི་10 དེ་བཞིན་མཉམ་བསྲེས་ཚོགས་པ་བཅས་ཀྱི་གསེར་གྱི་རྟགས་མ་3བླངས་པའི་ནང་མི་སྒེར་གྱི་མཆོང་སྟེགས་སྨི་10ཡི་འགྲན་བསྡུར་ནང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་བཞི་བླངས་ནས་རྣམ་གྲངས་དེའི་ལོ་རྒྱུས་ཐོག་གྲུབ་འབྲས་དེ་ཐོབ་མཁན་གྱི་བདམས་ཐོན་པ་དང་པོར་གྱུར་ཡོད། ཁོང་ལ་ད་དུང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་བུད་མེད་ཀྱི་མི་སྒེར་དང་མི་གཉིས་ཀྱི་མཆོང་སྟེགས་སྨི་10ཡི་གསེར་གྱི་རྟགས་མ་ཐོབ་ཡོད། གཞན་ཡང་ཁོང་ད་དུང་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་འཁོར་གྱི་བུད་མེད་ཀྱི་ཆུ་མཆོང་ལུས་རྩལ་པ་ཡག་ཤོས་ལ་བདམས་ཡོད། འདི་ནི་2025ལོའི་ཟླ་7ཚེས་31ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཁྲེན་ཡུས་ཤིས་ཀྱིས་2025ལོའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་ཆུ་མཆོང་སྨི་10ཡི་མཆོང་སྟེགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་ལེན་བཞིན་པ།

ཙའུ་ཅིང་ཡོན། (སྐྱེས་པ། ལོ་27 ལུས་རྩེད)
ཙའུ་ཅིང་ཡོན་གྱིས་སྐྱེས་པའི་ཆ་གདང་རྣམ་གྲངས་ཐོག་འགྲན་ཡ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། དང་ཐོག་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་རྣམ་གྲངས་དེའི“ཨང་དང་པོ་བཞི”བླངས་པ་དང་དེ་རྗེས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོཌ་ཐོག“ཨང་དང་པོ་གསུམ་བསྟུད་མར”བླངས་ཡོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་ཁོང་ལ་ད་དུང་སྐྱེས་པའི་སྒ་རྩེད་དཔྱང་ལོང་ཆ་གདང་གི་ཀུན་ནུས་ཀྱི་ཨང་དང་པོ་ཐོབ་ཡོད། འདི་ནི་2025ལོའི་ཟླ་10ཚེས་25ཉིན། ཀྲུང་གོའི་བདམས་ཐོན་པ་ཙའུ་ཅིང་ཡོན་གྱིས་2025ལོའི་རྒྱལ་སྤྱིའི་ལུས་རྩེད་མཉམ་འབྲེལ་ལྷན་ཚོགས(FIG)རྩལ་འགྲན་ལུས་རྩེད་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཆ་གདང་གི་མཐའ་བསྡུར་ནང་ཞུགས་པ་དང་མཐར་ཁོང་ལ་ཨང་དང་པོ་ཐོབ་པ།

ལིའུ་ཧོན་ཧྭ། (སྐྱེས་པ། ལོ་24 ལྗིད་འདེགས)
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྐྱེས་པའི་སྤྱི་རྒྱ་102རིམ་པའི་མཐའ་བསྡུར་ནང་། ལིའུ་ཧོན་ཧྭ་ཡིས་སྤྱི་རྒྱ་414ཡི་སྤྱིའི་གྲུབ་འབྲས་ཐོག་ནས་རང་ཉིད་ཀྱིས་བཏོད་པའི་རིམ་པ་འདིའི་སྤྱིའི་གྲུབ་འབྲས་སྤྱི་རྒྱ་413གྱི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ། རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ནི་2025ལོའི་ཟླ་11ཚེས་19ཉིན། ཐེན་ཅིན་རུ་ཁག་གི་བདམས་ཐོན་པ་ལིའུ་ཧོན་ཧྭ་ཡིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ལྗིད་འདེགས་ཀྱི་སྐྱེས་པའི་སྤྱི་རྒྱ་102རིམ་པའི་མཐའ་བསྡུར་ནང་ཁོང་ལ་ཨང་དང་པོ་ཐོབ་པ་མ་ཟད། སྤྱིའི་གྲུབ་འབྲས་ཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད།

ཅང་ཡུས་ཡན།(བུད་མེད། ལོ་21 དབང་སྐྱོན་ཆུ་རྐྱལ)
རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཅང་ཡུས་ཡན་གྱིས་རྣམ་གྲངས་9ཚང་མའི་གསེར་གྱི་རྟགས་མ་བླངས་ཡོད། དེའི་ཁྲོད་སྐྱེས་པ་དང་བུད་མེད་ཀྱི་རང་མོས་ཆུ་རྐྱལ་མཐུད་བརྒལ་སྨི་4×100ཡི་སྐར་མ་34ཡི་མཐའ་བསྡུར་ནང་ཁོང་ཡོད་སའི་ཀྲེ་ཅང་རུ་ཁག་གིས་སྐར་མ་4དང་སྐར་ཆ་08གྲངས་ཆུང་06གི་ཐོག་ནས་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ད་ལོའི་ཟླ་4པར་ཁོང་ལ་2025ལོའི་ལའོ་ལུན་སི་འཛམ་གླིང་ལུས་རྩལ་བྱ་དགའི་ལོ་འཁོར་གྱི་དབང་སྐྱོན་ལུས་རྩལ་པ་ཡག་ཤོས་ཀྱི་བྱ་དགའ་རག་ཡོད། འདི་ནི་2025ལོའི་ཟླ་4ཚེས་21ཉིན། ཀྲུང་གོའི་དབང་སྐྱོན་ཆུ་རྐྱལ་ལུས་རྩལ་པ་ཅང་ཡུས་ཡན་གྱིས་2025ལོའི་ལའོ་ལུན་སི་འཛམ་གླིང་ལུས་རྩལ་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ལོ་འཁོར་གྱི་དབང་སྐྱོན་ལུས་རྩལ་པ་ཡག་ཤོས་ཀྱི་བྱ་དགའ་ལེན་བཞིན་པ།

ཀུང་ལི་ཅའོ། (བུད་མེད། ལོ་36 མཆོང་རྒྱུག་འཕེན་གསུམ)
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བུད་མེད་ཀྱི་ཞ་ཉེ་སྤོ་ལོའི་མཐའ་བསྡུར་ནང་ཀུང་ལི་ཅའོ་ཡིས་རྨས་སྐྱོན་ཕོག་ནའང་སྡུག་རུས་བྱས་པས། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི“ཨང་དང་པོ་ལྔ་བསྟུད་མར”ཐོབ་ཡོད། ལུས་རྩལ་པ་བྱས་ནས་ལོ་25སོང་རིང་ཁོང་ལ་ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར། རྒྱལ་ཡོངས་ལུས་རྩལ་འགྲན་བསྡུར་སོགས་འགྲན་བསྡུར་གལ་ཆེན་གྱི“ཨང་དང་པོ་ཆ་ཚང”གི་གྲུབ་འབྲས་ཐོབ་ཡོད། འདི་ནི་2025ལོའི་ཟླ་11ཚེས་16ཉིན། ཨང་དང་པོ་ཐོབ་མཁན་ཧོ་པེ་རུ་ཁག་གི་བདམས་ཐོན་པ་ཀུང་ལི་ཅའོ་ཡིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་ཞ་ཉེ་སྤོ་ལོའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

སུན་ཡིང་ཧྲ། (བུད་མེད། ལོ་25 ཕིང་ཕང་སྤོ་ལོ)
2025ལོར་སུན་ཡིང་ཧྲ་ཡིས་ཏེ་ཧ་འཛམ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དང་འཛམ་གླིང་བུམ་པའི་བུད་མེད་ཀྱི་རྐྱང་རྒྱག་རྣམ་གྲངས་ནང་ཨང་དང་པོ་བླངས་པ་མ་ཟད། ཝང་ཁྲུའུ་ཆིང་དང་ཆ་སྒྲིག་བྱས་ཏེ་འཛམ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི“ཨང་དང་པོ་གསུམ་བསྟུད་མར”བླངས་ཏེ་ལོ་བཞི་བསྟུད་མར་བུད་མེད་རྐྱང་རྒྱག་ལོ་མཇུག་གི་འཛམ་གླིང་གི་ཨང་དང་པོར་བརྟན་པོའི་ངང་གནས་ཡོད། འདི་ནི་2025ལོའི་ཟླ་5ཚེས་25ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་སུན་ཡིང་ཧྲ་ཡིས་2025ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་རྐྱང་རྒྱག་གི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའ་ལེན་བཞིན་པ།

སུའུ་དབྱི་མིང་། (སྐྱེས་པ། ལོ་21 ཡ་པང་གངས་ཤུད)
རྨས་སྐྱོན་དང་ནད་གཞིའི་འགལ་རྐྱེན་སྣ་ཚོགས་འཕྲད་རྗེས་སུའུ་དབྱི་མིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཤིང་། རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡ་པང་དང་རང་མོས་གངས་ཤུད་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་སྤྲིན་རྩེའི་ས་ཚིགས་དང་པེ་ཅིང་ས་ཚིགས་ཀྱི་འགྲན་བསྡུར་ནང་ཁོང་གིས་ཏུའུ་1980ཡི་སྟངས་སྟབས་ཐེངས་མང་བརྩེས་ནས་ལེགས་གྲུབ་ཐུབ་ཚད་100%ཟིན་ཏེ། ས་ཚིགས་གཉིས་སུ་བསྟུད་མར་བྱ་དགའ་ཐོབ་ནས་2025ལོ་དང་2026ལོའི་འགྲན་དུས་ཀྱི་ཡ་པང་གངས་ཤུད་ཀྱི་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་ཨང་དང་པོའང་བླངས་ཡོད། འདི་ནི་2025ལོའི་ཟླ་12ཚེས་6ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་སུའུ་དབྱི་མིང་གིས་2025ལོ་དང་2026ལོའི་འགྲན་དུས་ཀྱི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་རང་མོས་ཀྱི་གངས་ཤུད་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་པེ་ཅིང་ས་ཚིགས་ཀྱི་ཡ་པང་གངས་ཤུད་མཆོང་སྟེགས་ཆེན་པོའི་སྐྱེས་པའི་ཚོགས་ཆུང་གི་བྱ་དགའ་སྤྲོད་པའི་མཛད་སྒོ་ཚར་རྗེས་ལྟད་མོ་བར་གུས་ལན་ཞུ་བཞིན་པ།

ཐན་ཧའེ་ཡང་། (སྐྱེས་པ། ལོ་26 ཆུ་རྐྱལ)
ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་དེ་ཙམ་ཡག་པོ་མ་བྱུང་བའི་སྦལ་རྐྱལ་རྒྱག་མཁན་ལུས་རྩལ་པ་ཐན་ཧའེ་ཡང་གིས་ད་ལོའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་སླར་ཡང་རང་ཉིད་རྩེ་གྲ་ཡིན་པ་ར་སྤྲོད་བྱས་ཡོད། ཁོང་གིས་སྐྱེས་པའི་སྦལ་རྐྱལ་གྱི་སྨི་100དང་སྨི་200ཡི་གསེར་གྱི་རྟགས་མ་དང་སྨི་50ཡི་ཟངས་ཀྱི་རྟགས་མ་བླངས་ཡོད། དེ་ནི་སྐབས་དེའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཆུ་རྐྱལ་རྣམ་གྲངས་ནང་གསེར་གྱི་རྟགས་མ་ཐོབ་པའི་ཨེ་ཤེ་ཡའི་བདམས་ཐོན་པ་གཅིག་པུ་དེ་རེད། འདི་ནི་2025ལོའི་ཟླ་7ཚེས་28ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཐན་ཧའེ་ཡང་གིས་2025ལོའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་100ཡི་སྦལ་རྐྱལ་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

ཧུའུ་ཁའེ། (སྐྱེས་པ། ལོ་23 ཚ་ཁ)
ཧུའུ་ཁའེ་ཡིས་ད་ལོའི་རྒྱལ་སྤྱིའི་འགྲན་རའི་ཐོག་གསེར་གྱི་རྟགས་མ་9བླངས་པའི་ཁྲོད། ཟླ་4པ་ནས་12པའི་བར་རྒྱལ་སྤྱིའི་ཚ་ཁ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་ཡན་ལག་ས་ཚིགས་ཆ་ཚང་གི་འགྲན་བསྡུར་དང་དེ་བཞིན་མཐའ་བསྡུར་གྱི་སྐྱེས་པའི་སྨི་10ཡི་དབུགས་མདའ་དང་དཀྲུམ་མདའི་རྣམ་གྲངས་ཀྱི་ཨང་དང་པོ་དང་། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྨི་10ཡི་དབུགས་མདའི་མཉམ་བསྲེས་ཚོགས་པའི་ཨང་དང་པོ་བླངས་ཡོད། གཞན་ཡང་ཁོང་ད་དུང་རྒྱལ་སྤྱིའི་ཚ་ཁ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་འཁོར་གྱི་སྐྱེས་པའི་དཀྲུམ་མདའི་ལུས་རྩལ་པ་ཡག་ཤོས་ལ་བདམས་ཡོད། འདི་ནི་2025ལོའི་ཟླ་11ཚེས་10ཉིན། ཀྲུང་གོའི་བདམས་ཐོན་པ་ཧུའུ་ཁའེ་ཡིས་2025ལོའི་རྒྱལ་སྤྱིའི་ཚ་ཁ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིང་མདའ་དང་དཀྲུམ་མདའི་ཚ་ཁའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་10ཡི་དབུགས་མདའ་དང་དཀྲུམ་མདའི་མཐའ་བསྡུར་ནང་ཨང་གཉིས་པ་བླངས་པ།
འབྲེལ་ཡོད་གསར་འགྱུར།