དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་12.52ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་དམིགས་ཚད་གཙོ་བོ་དང་གཙོ་གནད་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱས་ནས། འགྱུར་ལྡོག་ཆེ་ཤོས་དང་། འཕེལ་རྒྱས་ཡག་ཤོས། མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་མང་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་སླེབས་ཏེ། གངས་ལྗོངས་ས་མཐོའི་འགྲིམ་འགྲུལ་གྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་འགྲིམ་འགྲུལ་ལམ་དྲའི་གཞི་ཁྱོན་དང་བཀོད་པ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་འཐབ་ཇུས་འདེགས་སྐྱོར་གལ་ཆེན་ལ་ནུས་པ་དེ་བས་ཆེ་བ་ལྡན་ཡོད། ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་12.52ཟིན་པ་དང་། རིམ་ལྡན་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་11ཟིན་པ། རྒྱལ་ལམ་དཀྱུས་མའི་རིམ་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད་95%ཟིན་ནས། “ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་པའི”འགྲིམ་འགྲུལ་དྲ་རྒྱ་ལས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཟབ་མོ་ཕྱིན་ཡོད། ལྷ་ས་ནས་གཞིས་རྩེའི་བར་གྱི་G4218དང་ནག་ཆུ་ནས་ལྷ་ས་བར་གྱི་G6མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། ལྷ་ས་ལྟེ་བར་བྱས་པའི“གྲོང་ལྔའི་ཆུ་ཚོད་གསུམ”གྱི་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་འཁོར་རྒྱ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ། བོད་ནས་ཕར་འགྲོ་ཚུར་འོང་བྱེད་པའི་བགྲོད་ལམ་ཆེན་པོའི་གཞུང་ལམ་གྱི་མ་ལམ་སྤྱི་ལེ་3432སྤུས་ལེགས་སྒྱུར་བཀོད་བྱས་ཤིང་། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་གཞུང་ལམ་ཕྱོགས་ཡོངས་ནས་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།