བྱིས་པའི་གླུ་སྒྲ་ལྷག་པར་སྙན། མཉམ་དུ་ལོ་གསར་མཚན་མོར་རོལ།

ཉེ་དུས། བོད་ལྗོངས་གངས་ལྷ་མེ་ཏོག་བྱིས་པའི་སྒྱུ་རྩལ་ཚོགས་པའི་སློབ་མ་18པེ་ཅིང་དུ་བསྐྱོད་དེ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོའི་གཞོན་ནུའི་རིག་གནས་ཀྱི་ལོ་གསར་གྱི་མཚན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ལོ་བཅུ་ལྷག་ཙམ་རིང་སྒྱུ་རྩལ་ཚོགས་པ་དེ་བོད་ནས་རྒྱལ་ཡོངས་རང་བཞིན་གྱི་རིག་གནས་སྤེལ་རེས་བྱེད་སྒོར་ཞུགས་པར་སྐྱོད་ཐེངས་དང་པོ་ཡིན་པ་རེད། འདི་ནི《བྱིས་པའི་གླུ་སྒྲ》ཞེས་པའི་ལེ་ཚན་འཁྲབ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།