དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དིང་རིའི་གེགས་རྗེས་བསྐྱར་སྐྲུན་ཐད“ལོ་དེ་རང་ལ་བསྐྱར་སྐྲུན་བྱས་ནས་ལོ་དེ་རང་ལ་མི་སྡོད་ཐུབ་པ”བྱུང་བ།

    ​སྡོད་ཁང་གསར་པར་འཚོ་བ་བདེ་ཞིང་སྐྱིད། གནམ་ལོ་གསར་པར་རྣམ་པ་གསར་རྐྱང་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡོན་ཆོན། ཞུས་ཡུས་ཡའོ། ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-01-09

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་བྲག་བྱང་གྲོང་ཚོའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་གསར་པ་དེ་ནི་བུ་ཆུང་བསོད་ནམས་རྡོ་རྗེའི་ཁྱིམ་རེད།

    ལོ་14ལ་སླེབས་པའི་བསོད་ནམས་རྡོ་རྗེ་སྒོ་རའི་ནང་དགའ་ཚོར་ཆེན་པོས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག ལོ་གཅིག་གི་གོང་དུ། དིང་རིར་ས་ཡོམ་རྒྱག་སྐབས་བུ་ཆུང་ཁོང་ཞིག་རོའི་འོག་ཚུད་ནས་རྐང་པ་གཉིས་ཀ་ཆག སྐབས་དེ་དུས་རོགས་སྐྱོབ་མི་སྣས་རང་ཉིད་ཞིག་རོའི་ནང་ནས་བསྐྱབས་པའི་གནས་ཚུལ་ད་དུང་ཡང་གསལ་པོར་དྲན་གྱི་ཡོད།

    “ང་ཆེན་པོ་ཆགས་རྗེས་མེ་གསོད་དམག་མི་ཞིག་བྱས་ནས་མི་དེ་བས་མང་བར་རོགས་པ་བྱེད་ཀྱི་ཡིན”ཞེས་བསོད་ནམས་རྡོ་རྗེས་རང་ཉིད་ཀྱི་ཕུགས་བསམ་བརྗོད།

    2025ལོའི་ཟླ་1ཚེས་7ཉིན་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། མཛུབ་སྟོན་གལ་ཆེན་ཡང་གནང་ནས“ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྨས་སྐྱོན་ཕོག་པའི་མི་སྣ་སྐྱོབ་བཅོས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས”“མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་གསུངས་ཡོད། 2025ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས”ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ཞིག་རོའི་སྟེང་ཁྱིམ་གཞིས་གསར་པ་བསྐྲུན། ལོ་གཅིག་རིང་། མང་ཚོགས་ཀྱི་སྡོད་ཁང་ཁྲི་2.2ལྷག་ཙམ་བསྐྱར་སྐྲུན་བྱས་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་310ཟིན་པ་དང་དུད་ཚང་ཁྲི་1.05ལྷག་ཙམ་གྱི་སྡོད་ཁང་ཉམས་བཟོ་དང་བརྟན་དུ་བཏང་ཡོད།

    ཏང་འཛུགས་སྐྱོང་གི་ཁྲིད་སྟོན་འོག་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་བཏོན——

    ལྷ་རྩེ་རྫོང་གཞིས་ཆེན་ཤང་གཞིས་ཆེན་གྲོང་ཚོས་ལོ་གཅིག་རིང་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས“རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི་ལས་དོན་སྤེལ་ཞིང་། “གང་དུ་དཀའ་ངལ་ཡོད་ན་དེ་གར་ཏང་ཡོན་སྐྱོད་ཀྱི་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་བཀྲ་ཤིས་ཀྱིས་བཤད།

    གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་ཚུན། བོད་དུ་གོང་ནས་འོག་བར་འགན་གཙང་འགན་ལེན་གྱི་ལྟ་སྐུལ་མ་ལག་བཙུགས་ནས་གྲོང་ཁྱེར་གྱིས་རྫོང་འགན་གཙང་ལེན་པ་དང་། རྫོང་གིས་ཤང་འགན་གཙང་ལེན་པ། ཤང་གིས་གྲོང་ཚོ་འགན་གཙང་ལེན་པ་བཅས་བྱས་ཏེ་གྲོང་ཚོའི་ལས་བྱེད་པ་836ཚང་མ་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དུ་བཅའ་སྡོད་བྱས་ཡོད། གཞིས་རྩེའི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཏང་ཡོན་ལས་བྱེད་པ་6600ལྷག་ཙམ་གྱིས་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད།

    ཀུན་སེམས་གཅིག་སྒྲིལ་དང་ཕྱོགས་མང་པོའི་སྟོབས་ཤུགས་ལ་བརྟེན་ནས་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱས——

    གཞུང་ལམ་བདེ་ལ་སྡོད་ཁང་གསར་པ་སྟར་ཆགས་སུ་གནས། རྐང་རྩེད་སྤོ་ལོའི་ཐང་དུ་བྱིས་པ་རྣམས་ཕར་རྒྱུག་ཚུར་རྒྱུག་བྱས་ནས་རྩེད་འཇོར་རོལ་བཞིན་འདུག དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ལྷན་སྦྱར་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    “ཧྲང་ཧའེ་ཡི་གྲོགས་པོས་ང་ཚོར་ཁྱིམ་གཞིས་གསར་པ་སྐྲུན་རོགས་བྱས་བྱུང”ཡུལ་མི་ནོར་བུ་དང་ཨར་ལས་མི་སྣ་འབྲེལ་འདྲིས་ཟབ་ཅིང་། ཁོང་ཨར་ལས་བྱང་ཆུབ་པ་མ་ཟད། ད་དུང་རང་འགུལ་ངང་ཨར་ལས་རུ་ཁག་དང་ས་གནས་ཀྱི་ཡུལ་མི་ཚོར་སྐད་སྒྱུར་བྱེད་ཀྱི་ཡོད།

    ཟིང་དཀར་གྲོང་ཚོ་ནི་དིང་རིའི་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་རེད། ཧྲང་ཧའེ་ཡིས་གྲོང་ཚོ་དེའི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་ཁུར་ཡོད། “ང་ཚོས་ཁང་པའི་ཡོམ་འགོག་གི་ནུས་པ་ཆེ་རུ་བཏང་བ་མ་ཟད། ད་དུང་ནུས་ཤུགས་ཡོད་རྒུས་ལྗང་མདོག་གནས་འཕྲོད་ཀྱི་དེང་རབས་ཅན་གྱི་གྲོང་ཚོ་གསར་པ་བསྐྲུན་ཡོད”ཅེས་ཧྲང་ཧའེ་ཨར་སྐྲུན་ཚོགས་པའི་སྤྱི་ཁྱབ་འགན་གཙང་པུའི་ལས་གྲྭའི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲོང་དབྱི་ནུང་གིས་ངོ་སྤྲོད་བྱས། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱས།

    འཆར་འགོད་ཀྱི་དུས་མཚམས་སུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་གྱིས་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་པ་དང་། ཇུས་འགོད་ཐད་བོད་ཀྱིས་ཐུང་ཅི་སློབ་ཆེན་སོགས་ཚན་པའི་ཆེད་ལས་ལག་རྩལ་མི་སྣ་1000ལྷག་ཙམ་གདན་དྲངས་ཡོད། བསྐྱར་སྐྲུན་ལས་དོན་ནང་རྒྱལ་ཡོངས་ས་གནས་ཁག་གི་ཁེ་ལས་134དང་། ཨར་ལས་དོ་དམ་པ་2600ལྷག་ཙམ། ཨར་པོ་བ་ཁྲི་6.1ལྷག་ཙམ་བཅས་ཀྱིས་ལས་དུས་འཕར་མ་བྱས་ནས་ཚ་ཚ་འུར་འུར་ངང་སྡོད་ཁང་བསྐྲུན་ཡོད།

    ཐོན་ལས་དར་བས་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་སྐྱིད་དུ་སོང་བ།

    གྲང་ངར་ཆེ་བའི་དགུན་དུས་སུ། གཏིང་སྐྱེས་རྫོང་ལྡུམ་རྭ་གྲོང་ཚོའི་གཟན་ཆག་མཉམ་ལས་ཁང་གི་འཁོར་ཁང་དུ་འཕྲུལ་འཁོར་གྱི་འུར་སྒྲའི་ཁྲོད་གཟན་ཆག་ལས་སྣོན་བྱེད་བཞིན་མཆིས།

    འཕེལ་རྒྱས་ཀྱི་མདུན་ལམ་བཟང་བས་ཡུལ་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཡོད། 2025ལོའི་ལོ་མཇུག་བར། མཉམ་ལས་ཁང་གི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་65ལྷག་ཙམ་ཟིན་ནས་ཡུལ་མི་དུད་ཚང་བཅུ་ཕྲག་ཁ་ཤས་ཀྱི་འབབ་འཕར་ལ་སྣེ་ཁྲིད་ཐུབ་ཡོད།

    ཐོན་ལས་དར་བས་དམངས་འཚོ་བརྟན། གཞིས་རྩེ་གྲོང་ཁྱེར་གྱིས་དིང་རི་རྫོང་གི་ཚད་གཞི་མཐོ་བའི་མི་ཐབས་གཟན་རྩྭའི་རྟེན་གཞི་སྒྱུར་བཀོད་རིམ་སྤོར་འཛུགས་སྐྲུན་སོགས་ཀྱི་ཐོན་ལས་རྣམ་གྲངས་ཁག་ཅིག་མགྱོགས་མྱུར་ལག་བསྟར་བྱས་ནས་གེགས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཡོད།

    གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་འཚོ་རྟེན་ལས་སྤྲོད་དང་། ལས་ཞུགས་རོགས་སྐྱོར། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། གེགས་ཁུལ་གྱི་མང་ཚོགས་ཁྲི་11.05ཞིག་རོ་གཙང་སེལ་དང་ཉམས་བཟོ་བརྟན་གཏོང་སོགས་ལ་ཞུགས་པར་སྐུལ་སློང་བྱས་པས། མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར་11.64བྱུང་ནས་གེགས་ཁུལ་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཕྱིན་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ང་ཚོས་ཐོག་མཐའ་བར་གསུམ་དུ་གེགས་རྗེས་བསྐྱར་བསྐྲུན་གྱི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་གལ་ཆེན་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་སྟབས། ‘ལོ་འདིར་བསྐྱར་སྐྲུན་ཐུབ་ནས་སྡོད་ཐུབ་པའི’ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།