ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་བརྩམས་པ།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2025ལོའི་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ངེས་པར་དུ་ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གསལ་པོ་བྱས་པ་དེས་རང་ལྗོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཏང་གི་འགོ་ཁྲིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་ནི་བོད་ཡུན་རིང་བདེ་འཁོད་ཀྱི་རྩ་བའི་འགན་ལེན་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་སྲ་བརྟན་དུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་བརྟན་དུ་བཏང་བ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བརྟན་ལྷིང་གིས་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པས། ཏང་རྩ་འཛུགས་ནི་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་སྟོབས་ཤུགས་གཙོ་བོ་དེ་རེད། ལས་གྲྭ་གལ་ཆེན་འགག་སྒྲོལ་གྱི་འཐབ་ས་དང་པོ་ནས་འབྲོག་ཁུལ་གྱི་རྩྭ་རའི་སྔ་དགོང་བར་དུ་ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་གཞི་ཚུགས་ནས་མང་ཚོགས་དང་མཉམ་དུ་ངལ་རྩོལ་དང་མཉམ་དུ་བསམ་བློ་གཏོང་བཞིན་ཡོད། ཏང་གི་འགོ་ཁྲིད་ནི་འབོད་ཚིག་ཙམ་ཞིག་མིན་པར་ནས་ཞིང་ནང་གི་ལག་རྩལ་མཛུབ་ཁྲིད་མཁན་དང་། མཐའ་མཚམས་བདེ་ལ་འགོད་མཁན། གྲོང་ཚོའི་སྨན་ཁང་གི་གཟུགས་པོ་བརྟག་དཔྱད་བྱེད་མཁན་བཅས་སུ་གྱུར་ཡོད། གཞི་རིམ་དུ་རྩ་བ་ཚུགས་ནས་ལག་ལེན་བྱས་པ་ལས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ཏེ། བརྟན་ལྷིང་དེ་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་པོ་ཞིག་ཏུ་གྱུར་ཡོད།
ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱར་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་ཏང་རྩ་འཛུགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་ཡུལ་བབ་དང་བསྟུན་ཏེ་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཚན་རྩལ་ཁྱབ་གདལ་དང་འགག་སྒྲོལ་བྱས་པ་བརྒྱུད་ནས་འབྲུ་དེ་ཉིད་ཟ་འབྲུ་ནས་བདེ་ཐང་ཟས་རིགས་ལ་རིམ་སྤོར་བྱུང་སྟེ་རྒྱལ་ཡོངས་མི་སེར་གྱི་གསོལ་ཅོག་ཐོག་བཤམས་པ་དང་། གངས་རི་དང་རྩྭ་ཐང་སྐྱེ་ཁམས་ཡུལ་སྐོར་གྱི་མིང་བྱང་དུ་བསྒྱུར་ནས་སྐྱེ་ཁམས་ཀྱི་རིན་ཐང་དེ་དཔལ་འབྱོར་གྱི་རིན་ཐང་དུ་གྱུར་པ། བོད་སྨན་དེ་ཚན་རྩལ་ལ་བརྟེན་ནས་གསོན་ཤུགས་འཕེལ་ཏེ་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཆགས་ཡོད། ས་སྐྱེས་རྡོ་སྐྱེས་ཀྱི་ཐོན་ལས་དེ་དག་ཚོས་མང་ཚོགས་ལ་འབབ་འཕར་བྱུང་བ་མ་ཟད་མི་སེམས་ཀྱང་ལྷོད་ལ་བབས་ཡོད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྗང་མདོག་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་པོར་བསྲུངས་པ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཏང་རྩ་འཛུགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་བྱས་ཡོད། ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པར་ངེས་པར་དུ་རྩྭ་རའི་ཐེག་ནུས་ཞིབ་རྩིས་རྒྱག་དགོས་པ་དང་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས“ས་སྟོང་རང་སོར་འཇོག་དགོས་བྱུང་རུང་སྤང་ས་མི་བཟུང་བའི”རྩ་དོན་མཐའ་འཁྱོངས་བྱེད་དགོས། “བཅུན་སྡོམ་ནན་པོ”དེ་དག་ནི་ཚོགས་འདུའི་དགོངས་དོན་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བ་ཞིག་རེད། ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཁྱགས་རོམ་དང་། ཆུ་བོ། གནམ་སྔོན་ཆུ་དྭངས་བཅས་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དུས་གཅིག་ཏུ་ཡོང་བར་བྱས་ཡོད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་བཏང་སྟེ་སྒོ་དབྱེ་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་བཏང་བ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་བཏང་སྟེ། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་མཐའ་མཚམས་ཀྱི་དམངས་འཚོའི་འདུ་འགོད་ལ་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་སྣུར་སྲིང་དང་། འཕྲིན་གཏོང་ཡོངས་ཁྱབ། སྡོད་ཁང་ལེགས་བཅོས། སྤྱི་པའི་ཞབས་ཞུ་གཤམ་སྤེལ་བཅས་བྱེད་དགོས་ཞེས་བཏོན་ཡོད། མིག་སྔར། མང་ཚོགས་རྣམས་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་རྩ་བ་ཚུགས་དོན་ནི་ཁོང་ཚོས་ཏང་དར་གང་ལ་ཕྱོགས་པར་ཁྱིམ་གཞིས་དེ་གར་ཡོད་པ་ཤེས་པས་རེད། རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་བྱུང་ནས་བོད་དང་ལྗོངས་ཕྱིའི་བར་ཐག་ཉེ་རུ་ཕྱིན་པ་མ་ཚད་དེ་བས་ཆུ་ཚད་མཐོ་བའི་སྒོ་དབྱེའི་སྐར་ཁུང་ཕྱེ་ཡོད། དེ་ནི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་རིག་གནས་ཕན་ཚུན་དཔེ་གཞིར་འཛིན་པ་དང་མི་སེམས་འབྲེལ་འདྲིས་བྱེད་པའི་རང་བཞིན་གྱི་འབྲས་བུ་ཞིག་ཡིན་ལ། དེ་བས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་མཐའ་མཚམས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་གྱི་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་འོག་ལམ་བུ་ཇེ་ཙམ་སྐྱོད་པ་དེ་ཙམ་གྱིས་ཇི་ཡངས་སུ་འགྲོ་རྒྱུ་ཡིན་ཞིང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་གྱི་མཛུབ་ཁྲིད་འོག་བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་དེ་མང་ཚོགས་འབབ་འཕར་ཡོང་བའི་སྤྲོ་སྣང་དང་། སྨན་བཅོས་གང་ལེགས་ཐུབ་པའི་བློ་བདེ། གློག་སྒྲོན་རབ་ཏུ་འཚེར་བའི་དྲོ་སྐྱིད་བཅས་སུ་བསྒྱུར་ནས་སྲིད་ཇུས་དོན་འཁྱོལ་དང་འཕེལ་རྒྱས་གང་ལེགས་ཐུབ་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་རྩོམ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།