ཧར་པིན་གྱིས་གངས་འཁྱགས་འགྲེམས་ཚོགས་སྐབས་དང་པོ་གཉེར་ནས་གངས་འཁྱགས་དཔལ་འབྱོར་གྱི་འཕེལ་རྒྱས་གསར་པ་འགྲེམས་སྟོན་བྱས་པ།

ཚེས་6ཉིན། དུས་ཡུན་ཉིན་གསུམ་གྱི་2026ལོའི་ཧར་པིན་རྒྱལ་སྤྱིའི་གངས་འཁྱགས་དཔལ་འབྱོར་འགྲེམས་ཚོགས་ཧར་པིན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་དང་། འདི་ནི་ཧར་པིན་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་གངས་འཁྱགས་འགྲེམས་ཚོགས་སྐབས་དང་པོ་ཡིན་ཞིང་། འགྲེམས་ཚོགས་ཀྱིས“གངས་འཁྱགས་ལ་བརྟེན་ནས་འཛམ་གླིང་འབྲེལ་མཐུད་བྱེད། གངས་འཁྱགས་ཀྱི་མ་འོངས་མཉམ་དུ་གཏོད——སྒུལ་ནུས་གསར་པ། འབྲེལ་ཐག་གསར་པ། སྐྱེ་ཁམས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གངས་འཁྱགས་ལུས་རྩལ་དང་། གངས་འཁྱགས་རིག་གནས། གངས་འཁྱགས་སྒྲིག་ཆས། གངས་འཁྱགས་ཡུལ་སྐོར་སོགས་འཁོར་འབྲེལ་ཧྲིལ་པོའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་རེད།འདི་ནི་ཟླ་1ཚེས་6ཉིན་ལྟ་སྐོར་བས་2026ལོའི་ཧར་པིན་རྒྱལ་སྤྱིའི་གངས་འཁྱགས་དཔལ་འབྱོར་འགྲེམས་ཚོགས་ཐོག་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།