དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱལ་ཇུས་དམངས་འཚོར་ཞབས་འདེགས་ཞུས། དམངས་ལ་བདེ་སྐྱིད་ཡོང་བར་འབད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་ལ་ཕྱིར་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-08

    འདས་པའི་ལོ་ལྔའི་རིང་། རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་གཏོད་དང་ལེགས་སུ་བཏང་སྟེ། ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།

    གཞིས་རྩེ་དང་མེ་ཏོག་གི་རྒྱལ་ཁབ་གནམ་གཤིས་ལྟ་ཞིབ་ཁང་དང་། མེ་ཏོག་གི་རླུང་ཁམས་ཆེན་པོའི་བརླན་གཤེར་འཁོར་རྒྱུག་ཚོད་ལྟའི་རྟེན་གཞི(ས་ཚིགས) མངའ་རིས་ཀྱི་རྒྱལ་ཁབ་རླུང་ཁམས་ཆེན་པོའི་གཞི་གདན་ས་ཚིགས། ལྷ་སའི་རྒྱལ་ཁབ་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཆེད་དོན་ཚོད་ལྟའི་ཕྱིའི་ར་བ་སོགས་ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་ཁག་6སྐྲུན་པར་སྐུལ་འདེད་བཏང་བ་དང་། ས་གནས་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་8.7བཏང་ནས་གནམ་གཤིས་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པ”ལས་239.0%འཕར་ཡོད་པ་རེད། མིག་སྔར། ལྗོངས་ཡོངས་ཀྱི་ས་ངོས་གནམ་གཤིས་ས་ཚིགས་1284བར་མང་དུ་ཕྱིན་ནས། གནམ་གཤིས་སྔོན་བརྡའི་ཆ་འཕྲིན་སྤྱི་དམངས་ཁྲོད་ཁྱབ་ཚད་98.7%ཟིན་པ་དང་། གནམ་དྭངས་པའམ་ཆར་པ་འབབ་མིན་གྱི་གནས་ཚུལ་སྔོན་བརྡ་བཏང་བ་གནད་ལ་འཁེལ་ཚད་81.6%ཟིན་པ། གནས་སྐབས་ཀྱི་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་བརྡ་གཏོང་བའི་དུས་ཚོད་སྐར་མ་39སྔ་སྣུར་ཐུབ་པ་སོགས་རེད།

    གྲངས་གཞི་དེ་དག་ནི་བོད་ཀྱི་གནམ་གཤིས་ལས་དོན་པས“ལོ་ལྔ་ཚན་བཅུ་བཞི་པའི”རིང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་རེད།

    “འདི་ནི་ཉེ་བའི་ལོ་50ཡི་ཚུན་དུ། སྙེ་མོ་ཤང་དུ་ཐོན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་འདམ་རྡོའི་ཆུ་རུད་ཡིན་ཡང་། མི་ཕྱུཌ་གཉིས་ཀ་ཤི་རྨས་བྱུང་མེད། གནམ་གཤིས་སྡེ་ཚན་གྱིས་དུས་ཐོག་ཏུ་སྔོན་བརྡ་དང་ཉེན་བརྡ་བཏང་བ་ལས། ང་ཚོས་རྩ་ཆེའི་དུས་ཚོད་དམ་འཛིན་ཐུབ་པས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་2024ལོའི་ཟླ་7ཚེས་25ཉིན་གནམ་གཤིས་སྡེ་ཚན་གྱིས་དུས་ཐོག་ཏུ་སྔོན་བརྡ་སྤྲད་པར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྙེ་མོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྭ་ཡིས་འདི་ལྟར་བརྗོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་རབ་གསལ་དབྱེ་འབྱེད་དང་འཇལ་ཚད་འབྲིང་གྲས་ཀྱི་གྲངས་ཐང་སྔོན་བརྡའི་མ་ལག་བསྐྲུན་པས། ལྗོངས་ཡོངས་སུ་ཆུ་ཚོད་72ཡི་ནང་ཚུན་དུ་ཆུ་ཚོད་6ནང་ཐེངས་རེ་དང་། ཆུ་ཚོད་2ནང་ཚུན་དུ་སྐར་མ་6ནས་རིམ་པས་གསར་བརྗེས་ཐེངས་རེ་བྱེད་པའི་བར་མཐོངས་དབྱེ་འབྱེད་ཀྱི་སྔོན་བརྡ་གཏོང་ཐུབ་པ་བྱུང་ཡོད། སྲུབས་མེད་དངོས་ཡོད་ཅན་གྱི་གནམ་གཤིས་སྔོན་བརྡ་གཏོང་སྟངས་རྫོང་(ཆུས)74ཚང་མར་ཁྱབ་ནས། ཟླ་རེའི་གནམ་གཤིས་སྔོན་དཔག་གི་ཆུ་ཚད་སྐར་གྲངས་66.3ནས་སྐར་གྲངས་81.4བར་མཐོ་རུ་ཕྱིན་པ་དང་། ལྷ་ས་དང་ལྷོ་ཁ་སོགས་ས་ཁུལ་དུ་རླུང་རྒྱུན་དྲག་པོའི་གནམ་གཤིས་སྔོན་བརྡ་གཏོང་ཚད་སྐར་མ་39སྔ་སྣུར་ཐུབ་ཡོད།

    སྟོན་མཇུག་གི་ཟླ་བ་བཅུ་པར། བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས་ཡོད། 2025ལོའི་ཟླ་10པའི་ཟླ་སྟོད་བར། ལྗོངས་ཡོངས་ཀྱི་སྟོན་འབྲུ་བསྡུ་ཁྱོན་མུའུ་ཁྲི་289.5ཟིན་པ་དེས་འདེབས་ཁྱོན་གྱི་96.3%བཟུང་ཡོད་པ་རེད།

    ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ལ་དུས་མཚམས་རང་བཞིན་གྱི་ཆར་པ་འབབ་མང་བ་དང་། ས་ཆ་ཁག་གཅིག་ལ་སེར་བ་འབབ་པ་སོགས་ལ་དམིགས་ནས། གནམ་གཤིས་སྡེ་ཚན་གྱིས་ཞིང་ལས་དང་གྲོང་གསེབ་ཐིང་སོགས་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ཐོག ལས་དོན་པ་སྒྲིག་འཛུགས་བྱས་ནས་ཞིང་ནང་དང་མུ་ཁར་བསྐྱོད་དེ། ཞིང་པར་ལོ་ཏོག་གང་མགྱོགས་བསྡུ་བ་དང་འཕྲལ་དུ་ཉི་སྐམ་གཏོང་དགོས་པའི་མཛུབ་ཁྲིད་བྱས་ནས། གང་ཐུབ་ཅི་ཐུབ་ཀྱིས་གནམ་གཤིས་ངན་པའི་རྐྱེན་གྱིས་གྱོང་གུན་མི་ཕོག་པ་བྱས་པ་རེད།

    ལོ་ལྔའི་རིང་། བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་མཐའ་སྟོབས་ཀྱི་གཡུལ་ས་མདུན་མར་ཞབས་འདེགས་གང་ལེགས་ཞུས་ཏེ། གནམ་གཤིས་ལེ་ཏ་དང་རང་འགུལ་ཅན་གྱི་གནམ་གཤིས་ས་ཚིགས་སོགས་གསར་དུ་བསྐྲུན་ནས། མཐའ་མཚམས་ཀྱི་གནམ་གཤིས་ངན་པར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། འབེན་ཡོད་སར་མདའ་རྒྱག་པའི་དཔེ་བཞིན། དམིགས་ས་ཡོད་པའི་སྒོ་ནས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་སྤེལ་མ་ལག་ཞིབ་ཚགས་སུ་བཏང་བ་ལས། མཐའ་མཚམས་རྫོང་21ཏུ་གནམ་གཤིས་ཞབས་ཞུའི་ཆ་འཕྲིན་གནད་ལ་འཁེལ་པོས་བཏང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་ལོ་རེར་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་དུས་ཐེངས་700ལྷག་ཙམ་བཏང་བ་དང་། མི་ཐེངས་600ལྷག་ཙམ་ལ“འབོད་གཏོང”ཞབས་འདེགས་ཞུས་པ། ཐབས་ཇུས་སྤྱོད་མཁན་མི་ཐེངས་ཁྲི་120ལྷག་ཙམ་དང་། མང་ཚོགས་མི་ཐེངས་ཁྲི་3300ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་འགྲིལ་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པར”གྲ་སྒྲིག་ཨང་གསར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཞང་ཡུས་དབྱི་ཡིས། རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཀྱི་ཞབས་ཞུ་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་མགྱོགས་པོ་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་གནམ་གཤིས་དེང་རབས་ཅན་གྱི་གྲུབ་འབྲས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འགན་སྲུང་དེ་བས་བརྟན་པོ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་ཀྱི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་འཆར་གཞི་མཉམ་དུ་འགོད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།