མི་རིགས་ཁག་གི་གཞོན་ནུས་སེམས་དབུས་ཀྱི་བྱང་ཐང་གི་རྣམ་པ་མཛེས་པའི་རི་མོར་ཕབ་པ།
“སྤྱི་ཚོགས་ལ་ནུས་ཤུགས་འདོན་ཐུབ་ན་ང་ཚོ་ཧ་ཅང་དགའ་པོ་འདུག གྱང་ལྡེབས་སུ་ང་ཚོ་རང་ཉིད་ཀྱིས་བྲིས་པའི་རི་མོ་ཡོད་པས་ཚོར་སྣང་མི་འདྲ་བ་ཞིག་འདུག” ཉེ་ཆར། ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་ལྕགས་རིའི་འགྲམ་དུ་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་གའི་འཛིན་གྲྭའི་སློབ་མ་13གྱིས་ས་མཐོའི་དྲོད་འཇམ་ཉི་འོད་འོག་བྲེལ་འཚུབ་ཆེན་པོས་རི་མོ་འབྲི་བཞིན་ཡོད་པ་རེད། སློབ་མ་དཔལ་ལྡན་བཀྲ་ཤིས་ཀྱིས་གྱང་ལྡེབས་སུ་ཚོན་རྩི་བྱུག་བཞིན་འཛུམ་དམུལ་དམུལ་ངང་འདི་ལྟར་བརྗོད།
དུས་ཡུན་ཟླ་བ་གཉིས་ཙམ་རིང་རི་མོ་ཞིབ་ཚགས་བྲིས་པ་བརྒྱུད། རིང་ཚད་ལ་སྨི་179དང་ཞེང་ཚད་ལ་སྨི་3.5ཡོད་པའི“དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་གྱང་ལྡེབས་རི་མོ་བྲིས་ཚར་ཉེར་ཡོད་པ་རེད། རི་མོའི་ཐོག་གངས་རི་སྐུ་ལྷ་དར་གདོང་དང་། རྦ་རླབས་ཆལ་ཆིལ་དུ་འཕྱུར་བའི་གནམ་མཚོ། གླང་ཆེན་གནམ་སྒོའི་བརྗིད་ཉམས་དང་གསའ་ཕུའི་འཁྱགས་རོམ་གྱི་མཛེས་སྡུག་སོགས་རིམ་པ་བཞིན་འཁོད་ཡོད་པ་དང་། ནག་ཆུའི་སྒོར་གཞས་དང་སྲོལ་རྒྱུན་རྒྱན་གོས་སོགས“མངོན་མིན་རིག་གནས་ཤུལ་བཞག”གི་གཞི་རྒྱུ་མང་པོ་རི་མོའི་ལམ་ནས་ཇུས་འགོད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་གཞོན་སྐྱེས་ཚོས་ས་མཐོར་གཞིས་ཚུགས་ནས་ལེགས་སྐྱེས་འབུལ་བའི་རྣམ་པ་གྱང་ལྡེབས་ཀྱི་རི་མོ་ལས་གང་ལེགས་མངོན་ཡོད་པ་རེད།
“འདི་ནི་མིག་སྔར་རྒྱ་ཁྱོན་ཆེ་ཤོས་དང་ཞུགས་མཁན་མང་ཤོས་ཀྱི་ནག་ཆུའི་རི་མོའི་བརྩམས་ཆོས་ཤིག་རེད”ཅེས་གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཤང་ལི་ཡིས་ངོ་སྤྲོད་བྱས། 2025ལོའི་ཟླ་དགུ་པའི་ཟླ་མཇུག་ཏུ། གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཨུད་ཀྱིས་དམག་དམངས་མཐུན་སྒྲིལ་གྱི་ཚོན་ལྡན་རི་མོ་སྣ་རིང་མ་གསར་རྩོམ་གྱི་བྱེད་སྒོ་སྤེལ་ནས། ནུབ་རྒྱུད་འཆར་གཞིའི་དང་བླངས་པས་སྣེ་ཁྲིད་དེ་ཇུས་འགོད་བྱས་པས། གྲོང་ཁྱེར་ཡོངས་ཀྱི་རི་མོར་དགའ་མཁན་མང་པོ་མཉམ་དུ་ཞུགས་ཡོད་པ་རེད།
ཀྲུང་གོ་མཛེས་རྩལ་སློབ་གླིང་ནས་ཡོང་བའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཀྲང་ཧན་རུའུ་ནི་གྱང་ལྡེབས་ཀྱི་རི་མོ་སྣ་རིང་མ་དེའི་ཇུས་འགོད་པ་རེད། ས་མཐོར་གསར་རྩོམ་བྱེད་པའི་དཀའ་ངལ་སྐོར་གླེང་སྐབས་ཁོང་གིས“དཀའ་ངལ་དེ་ཙམ་མི་འདུག འདི་གར་ལྷགས་པ་ཚ་ལ་དྲོད་ཚད་དམའ་བའི་དབང་གིས་ཚོན་རྩི་སྐམ་སླ་བས། གྱང་ལྡེབས་སུ་ཉི་འོད་ཕོག་མ་ཐག་ཚོན་རྩི་བྱུག་དགོས་ཀྱི་ཡོད”ཅེས་གད་མོ་འཚེར་འཚེར་ངང་བཤད། ཉེ་འགྲམ་གྱི་ཇ་ཁང་དེ་ཚང་མའི“གནས་སྐབས་ལས་དོན་ཁང”དུ་གྱུར་ཡོད། གནམ་གཤིས་ལ་གློ་བུར་དུ་འགྱུར་ལྡོག་འགྲོ་སྐབས་སྦྱིན་བདག་གིས་རྟག་ཏུ་སྡོད་ས་ཡག་ཤོས་དེ་ཁོང་ཚོར་བཞག་པ་མ་ཟད། ད་དུང་ཚོན་རྩི་ས་ཆ་དྲོ་ཤོས་སུ་འཇོག་རོགས་བྱེད་ཀྱི་ཡོད། ཁོང་གི་མྱོང་ཚོར་ཟབ་ཤོས་ནི་ཐང་གའི་འཛིན་གྲྭའི་སློབ་མ་དང་སྤེལ་རེས་བྱེད་རིང་། སྲོལ་རྒྱུན་སྒྱུ་རྩལ་དང་དེང་རབས་ཀྱི་གྱང་ལྡེབས་རི་མོ་མཉམ་འདྲེས་བྱས་པ་ལས་ཐུན་མིན་ཁྱད་ཆོས་མངོན་པ་དང་། རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་ཀྱི་མི་རིགས་མི་འདྲ་བའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་པ་རྣམས་ཀྱང་ཕན་ཚུན་ཆ་རྒྱུས་མེད་པ་ནས་རིམ་བཞིན་འབྲེལ་འདྲིས་ཟབ་ཏུ་ཕྱིན་པ་དེ་རེད།
ཤང་ལི་ཡིས“ང་ཚོའི་དམིགས་ཡུལ་ནི་སྤྱིར་བཏང་ཞིག་ཡིན་ཏེ། དེ་ནི་གྱང་ལྡེབས་ཀྱི་ཚོན་རྩིའི་ཐོག་ནས‘དམག་དམངས་མཐུན་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན’མངོན་ཆེད་ཡིན”ཞེས་བརྗོད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར། གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཨུད་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། “གཞོན་ནུ་རྟགས་ཅན”གྱི་སྤུས་རྟགས་ལེཌ་སུ་གཏོང་བ་དང་། ཀྲུང་གོ་མཛེས་རྩལ་སློབ་གླིང་དབར་གྱི་མཉམ་ལས་ལ་མུ་མཐུད་ཤུཌ་སྣོན་རྒྱག་པ། ས་གནས་དེ་གའི་སྟོབས་ཤུགས་དེ་བས་མང་བ་འདོན་པ། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ནག་ཆུའི་ཡིད་དབང་འཕྲོག་ཤུགས་མངོན་པ་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།