ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་དུང་ཕྱུར་4བཏང་སྟེ་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་ཞུ་བར་སྤྱད་པ།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་གང་ལེགས་མཚོན་ཆེད། ཉིན་ཤས་གོང་། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་དུང་ཕྱུར་4བཏང་སྟེ། 2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བར་སྤྱད་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བསྟན་དོན། འཚམས་འདྲི་བྱ་ཡུལ་ནི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཡིན། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཏང་ཡོན་རྒན་གྲས་ཚང་མར་འཚམས་འདྲི་ཞུ་དགོས། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་དང་དཀའ་ཉེན་བྲེལ་ལྕིའི་ལས་འགན་གྱི་འཐབ་ཕྱོགས་དང་པོར་ཡོད་པའི་བློ་མཐུན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས” རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅས་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ཀྱི་འབྲེལ་ཡོད་ཐོབ་ཆ་དོན་འཁྱོལ་དང་འཚམས་འདྲི་ཞུ་བའི་ལས་དོན་ཡག་པོ་སྒྲུབ་དགོས། གཞུང་དོན་ཆེད་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ནང་མིར་འཚམས་འདྲི་ཞུ་བ་དང་། ལྟ་རྟོག་རོགས་སྐྱོབ། ཡུན་རིང་རོགས་སྐྱོར་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འཚམས་འདྲི་ཞུ་རྒྱ་འོས་འཚམ་གྱིས་ཆེ་རུ་བཏང་སྟེ། འགྲོ་ལུགས་ལྟར་ལས་གནས་ནས་བྲལ་བའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། དེ་བཞིན་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་གཅེས་སྐྱོང་རོགས་རམ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིའི་ཁྲོད་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་དགོས་པ་མ་ཟད། དཀའ་ངལ་དངོས་ཡོད་པའི་གཞི་རིམ་ཏང་དོན་ལས་བྱེད་པར་ཡང་འཚམས་འདྲི་བྱེད་ཆོག
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། སེམས་ཁུར་དང་བརྩེ་སེམས་ཀྱིས་ཕྱུག་པའི་སྒོ་ནས་འཚམས་འདྲིའི་ལས་དོན་སྒྲུབ་པ་དང་། དམིགས་སའི་རང་བཞིན་ལྡན་པའི་ངང་བསམ་བློ་ཆབ་སྲིད་ལས་དོན་སྒྲུབ་པ། དཀའ་ངལ་དངོས་སེལ་རོགས་ཧུར་ཐག་བཅས་བྱས་ནས། “མི་གཅིག་ལ་འཚམས་འདྲི་ཞུ་བ་དང་། ཁྱིམ་ཚང་གཅིག་ལ་དྲོ་སྐྱིད་སྦྱིན་པ། ཁུལ་གཅིག་སྐུལ་ཁྲིད་བྱེད་པ”བཅས་ཀྱི་ཕན་འབྲས་ཡག་པོ་ཐོན་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན(ཁོངས་གཏོགས)ཁག་གིས་ལྷན་སྦྱར་མ་དངུལ་དོན་འཁྱོལ་བྱེད་པ་དང་། མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དངུལ་ཆེད་སྤྱོད་ཐུབ་པ་བཅས་བྱས་ནས། དཔྱིད་གསར་དུས་ཆེན་གོང་འཚམས་འདྲིའི་དངུལ་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་འབྱོར་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།