དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-08

    ཟླ་1ཚེས་6ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། རྟེན་འབྲེལ་གློག་འཕྲིན་ནང་འཁོད་དོན།

    ལོ་སི་མི་དམངས་གསར་བརྗེ་ཏང་ནི་ལོ་སི་མི་དམངས་དང་ལོ་སིའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་རེད། ལོ་སི་ཏང་གི་ཚོགས་ཆེན་བཅུ་གཅིག་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གྱིས་གཙོ་བོ་གནང་བའི་ལོ་སི་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་འགོ་ཁྲིད་གནས་བབ་བརྟན་དུ་གཏོང་རྒྱུར་འབད་བརྩོན་གནང་ནས་ལོ་སིའི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པར་སྐུལ་འདེད་བཏང་བར་ང་ཚོ་སེམས་གཏིང་ནས་དགའ་པོ་བྱུང་ལ་དེར་གདེང་འཇོག་ཧུར་ཐག་བྱེད་ཀྱི་ཡོད།

    ལོ་སི་ཏང་གི་ཚོགས་ཆེན་བཅུ་གཉིས་པ་ནི་ལོ་སིའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག་ཏང་གི་ཆབ་སྲིད་རྩ་འཛིན་ཁག་གསུམ་པ་སོགས་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ལོ་སི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། ལོ་སི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་སིའི་མི་དམངས་ཀྱིས་ཚོགས་ཆེན་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་དང་ལས་འགན་ཁག་རྒྱལ་ཁའི་ངང་མངོན་འགྱུར་བྱས་ཏེ་ལོ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད།

    ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རེད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཀྲུང་གོ་དང་ལི་སིའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་སྟངས་འཛིན་བྱེད་ཀྱི་ཡོད། དུས་བབ་གསར་པར་ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་རྩ་བའི་གཞི་འཛིན་སར་བྱས་ཏེ་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། འགྲོ་འོང་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་གོ་དང་ལོ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།