དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ཁྲི་24.86གསར་དུ་ལས་ཞུགས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-07

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་ཀྱིས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས། གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ཁྲི་24.86གསར་དུ་ལས་ཞུགས་ཐུབ་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་། མི་ཐེངས་ཁྲི་51.03ལ་གསབ་སྣོན་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱིས་ལས་གནས་བརྟན་དུ་དང་མང་དུ་བཏང་བ་དང་། རང་བརྟེན་ལས་གཏོད། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་ཞུགས་བརྟན་པོ་དང་ལས་ཤོར་སྔོན་འགོག་གི་རྒྱབ་སྐྱོར་སྲིད་ཇུས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་དང་འབབ་འཕར་བརྟན་པོ་ཡོང་བར་རོགས་རམ་བྱས་ཡོད། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ཚོགས་སྤྱིའི་ལས་ཞུགས་ལ་དམིགས་ནས“གཞུང་གི་ལས་གནས་སུ་ལས་ཞུགས་དང་། ཁྲོམ་རར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་འདེམས”བཅས་ཀྱི་སྣ་མང་ཅན་གྱི་ལས་ཞུགས་མ་ལག་རྒྱུན་མཐུད་ལེགས་སུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་གྱི་སྤུས་ཕན་ཆེ་རུ་གཏོང་བ་དང་། ལྗོངས་ཕྱི་ནང་གི་ཁྲོམ་ར་གཉིས་ལ་གཞི་ཚུགས་ཏེ“རྣམ་གྲངས་བསྡུ་ལེན་དང་། ཐོན་ལས་སྐུལ་ཁྲིད། རྟེན་གཞི་བརྟན་པོ། སྤུས་རྟགས་སྣེ་ཁྲིད། ཕྱིར་གཏོང་སྒྲིག་འཛུགས”བཅས་ཕྱོགས་མང་གཞི་གཅིག་གི་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་གྱི་མ་ལག་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་ཡོང་བར་ཁྲིད་སྟོན་དང་སྐུལ་ལྕག་བྱས་པས། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་གྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།