དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྒོར་ཁྲི་1900ལྷག་ཙམ་བཏང་ནས་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་ལ་ཁག་ཐེག་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-07

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་1ཚེས་4ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཁྲོམ་རའི་བྱེད་པོའི་མ་དངུལ་བསྡུ་རུབ་ཀྱི་མ་གནས་དམའ་རུ་ཏན་ཏིག་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ས་གནས་དངུལ་རྩའི་དོ་དམ་ཅུས་དང་མཉམ་དུ་ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་འགན་ལེན་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་1900ལྷག་ཙམ་གཤམ་སྤྲོད་བྱས་ཏེ། ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་འགན་ལེན་སྒྲིག་གཞིས་གཙོ་འགན་གཙོ་ལས་ལ་དམིགས་རྒྱུར་གནད་སྨིན་རྒྱབ་སྐྱོར་བྱས་པ་དང་། ཕྲན་ཚེགས་ཁེ་ལས་དང“ཞིང་གསུམ”གྱི་བྱེད་པོ། དེ་བཞིན་ཚན་རྩལ་གསར་གཏོད་རིགས་ཀྱི་ཁེ་ལས་འབྲིང་ཆུང་བཅས་ལ་མ་དངུལ་བསྡུ་རུབ་འགན་ལེན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་ཁག་ཐེག་མ་ལག་གི་གཞི་ཁྱོན་རྒྱ་སྐྱེད་བཏང་ནས་ཞིབ་ཚགས་ཅན་གྱི་དོ་དམ་ཕྱོགས་སུ་སྒྱུར་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་སྣེ་ཁྲིད་དེ《ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་འགན་ལེན་བྱ་དགའི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྲིད་ཇུས་ཆེན་པོ་བཞི་བརྒྱུད་བྱ་དགའི་ཁ་གསབ་མ་དངུལ་གྱི་གནད་འཁེལ་རང་བཞིན་དང་ཁྲིད་སྟོན་རང་བཞིན་ལེགས་སུ་བཏང་ཡོད། དེའི་ནང་། ལས་སྒོའི་བྱ་དགའི་ཁྲིད་སྟོན་མངོན་གསལ་དོད་དུ་བཏང་ནས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་སྔའི“ཕྲན་ཚེགས་ཁེ་ལས་དང་ཞིང་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ཁག་ཐེག་ལས་སྒོའི་བྱ་དགའ”དེ“ཚན་རྩལ་གསར་གཏོད་ཁག་ཐེག་ལས་སྒོའི་བྱ་དགའ”ལ་ལེགས་སྒྲིག་བྱས་ནས། ཞིང་ཆེན་རིམ་པའི་ཁག་ཐེག་སྒྲིག་གཞིས་སྤེལ་བའི་ཁེར་རྐྱང་ཚོང་དུད་ལ་སྒོར་ཁྲི་3000དང་དེ་མན་གྱི་ཚན་རྩལ་གསར་གཏོད་རིགས་ཀྱི་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རུབ་ཁག་ཐེག་ལས་སྒོར་ལོ་འཁོར་གོང་མའི་གསར་འཕར་ལས་སྒོའི་དངུལ་གྲངས་ཀྱི1.5%གཞིར་བཟུང་བྱ་དགའ་སྤྲོད་པ་དང་། ཁག་ཐེག་ཐོན་ཁུངས་དེ་ཆེད་ཞིབ་ཁྱད་གསར་བཞིའི“སྣེ་འདྲེན་ཁེ་ལས”དང་མཐོ་གསར་ལག་རྩལ་ཁེ་ལས་སོགས་ཚན་རྩལ་ཁྱབ་ཁོངས་ལ་ཕྱོགས་པར་ཁྲིད་སྟོན་བྱས་ཏེ། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པར་དངུལ་རྩའི་མ་དངུལ་དེ་བས་མང་བ་གཏོང་རྒྱུ་རེད།

    ཚབ་འཇལ་གུན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་རུབ་ཁག་ཐེག་ཐེབས་རྩ་དོ་དམ་བྱ་ཐབས་གཞིར་བཟུང་། ཚབ་འཇལ་གུན་གསབ་མ་དངུལ“ཐད་ཀར་གུན་གསབ”བྱེད་པ་ནས“ཁག་ཐེག་གུན་གསབ་གྲབས་དངུལ་དུ་འཇུག་པའི”བར་ལེགས་སྒྲིག་བྱས་ཏེ། ཉེན་གཡོལ་གསོག་འཇོག་གི་གཞི་ཁྱོན་ཆེ་རུ་བཏང་བ་བརྒྱུད་ཞིང་ཆེན་རིམ་པའི་ཁག་ཐེག་བསྐྱར་མའི་སྒྲིག་གཞིའི་རང་ངོས་ཀྱི་ཉེན་ཁ་འགོག་ནུས་ཆེ་རུ་བཏང་ནས། ཀུན་ཕན་ཁག་ཐེག་ལས་སྒོ་རྒྱུན་མཐུད་སྤེལ་བར་ཉེན་གཡོལ་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་རེད། མ་གནས་ཚོད་འཛིན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁག་ཐེག་དང་ཁག་ཐེག་བསྐྱར་མའི་སྒྲིག་གཞིའི་རིགས་ཁོངས་གཞིར་བཟུང་མ་གནས་དོ་དམ་ཚོད་འཛིན་གྱི་བླང་བྱ་སོ་སོར་འདོན་པ་དང་། ལོ་འཁོར་བྱ་དགའི་ཁ་གསབ་མ་དངུལ(ཚབ་འཇལ་གུན་གསབ་ཕུད)དང་མ་གནས་ལས་སྒོའི་སྟོན་གྲངས་ཟུང་འབྲེལ་བྱ་རྒྱུ་རེད། ཁག་ཐེག་སྒྲིག་གཞིའི་མ་གནས་ལས་སྒོ་ཞིང་ཆེན་རིམ་པའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་ཁག་ཐེག་བསྐྱར་མའི་སྒྲིག་གཞིའི་མ་གནས་ལས་སྒོ་ལོ་འཁོར་གོང་མའི་ཆུ་ཚད་ལས་མཐོ་བ་ཡོད་རིགས་ལ། ལོ་འཁོར་བྱ་དགའི་ཁ་གསབ་མ་དངུལ་ཚང་མ་བརྒྱ་ཆའི་གྲངས་5གཅོག་པ་དང་། སྒྲིག་གཞིར་ནང་ཁུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལས་སྒོའི་མ་གནས་དམའ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།