དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོར་ཀོང་ཤིས་ནས་བཏང་བའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་དུས་མཚུངས་ལས་86%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-07

    ⇑ འདི་ནི་ནན་ཉིང་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁར་ཀྲུང་ཝེའི་དུས་གཏན་མེ་འཁོར་ནང་དོ་པོ་བླུག་བཞིན་པ།

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་ཀོང་ཤིས་ནས་བཏང་བའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་ཕྱིར་གཏོང་དངོས་ཟོག་དོས་སྒམ་ཁྲི་3.7དབོར་བ་དེ་དུས་མཚུངས་ལས་86%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དབོར་འདྲེན་དངོས་ཟོག་སྣ་ཁ་262ནས་455བར་མང་དུ་ཕྱིན་ཡོད་པ་དང་། དངོས་ཟོག་དབོར་འདྲེན་བྱེད་ཚད་རྒྱལ་ཡོངས་ལྕགས་ལམ་གྱི་ཝེ་ཐེ་ནམ་དུ་བཏང་བའི་ཕྱིར་གཏོང་ཟོག་འདྲེན་མེ་འཁོར་དང་དོས་སྒམ་དངོས་ཟོག་ཁྲོད་73%དང་86%སོ་སོར་བཟུང་བ་དེ་2024ལོ་ལས་བརྒྱ་ཆའི་གྲངས་5དང་2སོ་སོར་འཕར་ཡོད་པ་རེད།

    ཀྲུང་ཝེའི་རྒྱལ་སྒྲོལ་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དབོར་འདྲེན་གྱི་དགོས་མཁོ་སྐོང་ཆེད། 2025ལོ་ནས་བཟུང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ཀྱིས་ཀོང་ཤིས་ཕིང་ཤང་ནས་ཝེ་ཐེ་ནམ་ཐུང་ཏེང་བར་གྱི་མེ་འཁོར་གྱི་འཐེན་འདྲུད་ལྗིད་ཚད་ཏུན་1000ནས་ཏུན་1300བར་མཐོ་རུ་བཏང་བས། ཕིང་ཤང་ལྕགས་ལམ་འགག་སྒོའི་འགག་སྒྲོལ་བྱེད་ཚད་30%མཐོ་རུ་ཕྱིན་ཡོད། དེ་མིན་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་འཆར་གཞི་རྒྱུན་མཐུད་ལེགས་སུ་བཏང་སྟེ་གཟའ་འཁོར་རེའི་གཏན་འཁེལ་བྱས་པའི་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་དཔེ་རིས་དང་ཐོག་གི་མེ་འཁོར་3ནས་མེ་འཁོར་14བར་མང་དུ་བཏང་བས། དངོས་ཟོག་ཉིན་དེ་གར་མེ་འཁོར་ནང་བླུགས་ནས་གཏོང་བ་དང་ཉིན་དེ་གར་དམིགས་སར་འབྱོར་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།