ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ཞིབ་འཇུག་ལྟེ་གནས་འཁོར་སྐྱོད་བྱེད་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པས་ཚན་རྩལ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ཞིབ་འཇུག་ལྟེ་གནས་ཉིན་ཤས་གོང་པེ་ཅིང་དུ་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། ཞིབ་འཇུག་ལྟེ་གནས་ཀྱིས“དངོས་ཚན་དང་དྲ་རྒྱ་ཟུང་འབྲེལ”གྱི་རྩ་འཛུགས་ཀྱི་སྒྲོམ་གཞི་སྤྱད་དེ་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་སྒྲོམ་གཞིའི་འོག་རྒྱལ་སྤྱི་ཅན་གྱི་ཞིབ་འཇུག་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་གཏོད་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་ལྟེ་གནས་ཀྱིས་ཚན་རྩལ་པུའི་ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་ཞིང་། གཙོ་གནད་ལས་དོན་ནང་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་ལས་ཞིབ་འཇུག་བྱ་རྒྱུ་དང་། སྲིད་ཇུས་གླེང་མོལ་དང་རིག་གཞུང་སྤེལ་རེས་བརྒྱུད་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། མི་སྣ་སྤེལ་རེས་དང་ཆེད་ལས་གསོ་སྦྱོང་བྱས་ཏེ་རྒྱལ་སྤྱི་ཅན་གྱི་ཤེས་རྩལ་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ། མཉམ་ལས་ཞིབ་འཇུག་དྲ་རྒྱ་བཙུགས་ཏེ་འབོ་གསེར་ཁོངས་མིའི་རྒྱལ་ཁབ་དང་རོགས་ཟླའི་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་བློ་རིག་དང་ཐབས་ཇུས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།