ཀྲུང་གོའི་སྤུས་རྟགས་ཀྱི་གློག་སྒུལ་རླངས་འཁོར་གྱིས་ནོར་ཝེའི་འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རའི་ཐོག་བཟུང་བའི་ཐོབ་སྐལ་མུ་མཐུད་མང་དུ་སོང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ལོ་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། ནོར་ཝེའི་གཞུང་ལམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཀྲུང་གོའི་སྤུས་རྟགས་ཀྱི་གློག་སྒུལ་རླངས་འཁོར་གྱིས་ནོར་ཝེའི་འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རའི་ཐོག་བཟུང་བའི་ཐོབ་སྐལ་མུ་མཐུད་མང་དུ་སོང་བ་དང་། 2025ལོ་ཧྲིལ་པོར་ཁྱོན་རླངས་འཁོར་24524ཕྱིར་ཚོང་བྱས་པ་དེས་རྒྱལ་ཁབ་དེའི་རླངས་འཁོར་གསར་པའི་ཕྱིར་ཚོང་བསྡོམས་འབོར་གྱི་13.7%བཟུང་ནས། 2024ལོ་ལས་བརྒྱ་ཆའི་གྲངས་3.3འཕར་ཡོད་པ་རེད།
2025ལོར། ནོར་ཝེའི་དུ་ཐོ་འགོད་བྱས་པའི་རླངས་འཁོར་གསར་པ་96%ཙམ་ནི་གློག་སྒུལ་རྐྱང་པའི་རླངས་འཁོར་ཡིན་པ་དང་། པི་ཡ་ཏི་དེ་ཉིད་རླངས་འཁོར་གསར་པའི་ཁྲོམ་རའི་ཐོབ་སྐལ་མང་ཤོས་ཀྱི་ཀྲུང་གོའི་སྤུས་རྟགས་ལ་གྱུར་ནས་རླངས་འཁོར་ཁེ་ལས་ཀྱི་ཕྱིར་ཚོང་གི་ཨང་རིམ་བཅུ་པར་སླེབས་ཡོད། མིང་ཅུའེ་དང་ཞའོ་ཕེང་སོགས་སྤུས་རྟགས་ཕྱིར་ཚོང་བྱེད་ཚད་ཀྱང་མདུན་གྲལ་གྱི་ཨང་རིམ་20ཡི་ནང་སླེབས་ཡོད་པ་རེད།
ཀྲུང་གོའི་སྤུས་རྟགས་ཀྱི་མངོན་གསལ་དོད་པའི་མཚོན་ཚུལ་ལ་དམིགས་ནས། ནོར་ཝེའི་གཞུང་ལམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་ཀེར·དབྱིན་ཨེ·སི་ཐོ་ཁེ་ཡིས། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་འགག་རྩའི་ཞིབ་དབྱེའི་ཁྲོམ་རའི་ཐོག་འགྲན་རྩོད་ནུས་པ་ལྡན་པའི་གློག་སྒུལ་རླངས་འཁོར་རིགས་བཏོན་པ་དེ་ནོར་ཝེའི་ཁྲོམ་རའི་གྲུབ་ཆ་གལ་ཆེན་ཞིག་ཏུ་མགྱོགས་མྱུར་འགྱུར་བཞིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།