དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་རྒྱལ་སྤྱིའི་ལུས་རྩལ་གྱི་གསར་འགྱུར་ཆེ་གྲས་བཅུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-07

    ཀྲུང་གོས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་དང་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ། 

    2025ལོའི་ཟླ་2ཚེས་7ནས་ཚེས་14ཉིན་བར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧར་པིན་དུ་འཚོགས་པར་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་34ཡི་ལུས་རྩལ་པ་1200ལྷག་ཙམ་ཞུགས་ནས་གཞི་ཁྱོན་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། འདི་ནི་2025ལོའི་ཟླ་8ཚེས་7ཉིན་པར་བརྒྱབ་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འགོ་ཚུགས་མཛད་སྒོར་ཚོན་ཁྲའི་ཤོག་སྦག་རྒྱག་བཞིན་པ།

    ཤིན་ནཱའི་ངར་སྨན་དོན་རྐྱེན་ལས་རྩོད་གཞི་ལངས་པ་དང་སྦགས་བཙོག་རྐྱེན་གྱིས་གདགས་གཤིས་མངོན་པའི་གནད་དོན་ལ་ཀུན་གྱིས་དོ་ཁུར་བྱས་པ།

    2025ལོའི་ཟླ་2ཚེས་15ཉིན། འཛམ་གླིང་ངར་སྨན་ལ་ངོ་རྒོལ་སྒྲིག་གཞིས(WADA)ཁྱབ་བསྒྲགས་བྱས་པར། དབྱི་ཐ་ལིའི་དྲ་བའི་སྤོ་ལོ་རྒྱག་མཁན་གྲགས་ཅན་ཤིན་ནཱར་2024ལོའི་ཟླ་གསུམ་པར་ཞིབ་བཤེར་བྱེད་སྐབས་བཀག་སྡོམ་དངོས་རིགས་ཟུངས་ཕྲུན་ཁིལ་རླིག་ཐོང་གི་གདཌ་གཤིས་ཐེངས་གཉིས་མངོན་པས་ཟླ་བ་གསུམ་རིང་འགྲན་བསྡུར་ལ་ཞུགས་མི་ཆོག་པའི་ཆད་པ་བཅད་པ་རེད། འདི་ནི་2025ལོའི་ཟླ་5ཚེས་10ཉིན། དྲ་བའི་སྤོ་ལོའིATP1000རོ་མ་ས་ཚིགས་ཀྱི་སྐྱེས་པའི་རྐྱང་འགྲན་གྱི་འགྲན་སྐོར་གཉིས་པའི་སྐབས་ཀྱི་ཤིན་ནཱ་ཡིན་པ།

    རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་རོལ་རྩེད་པུའི་འཛམ་གླིང་བུམ་པའི་འགྲན་བསྡུར་གསར་པ་སྐབས་དང་པོར་ཆེར་ཤིས་ལ་ཨང་དང་པོ་ཐོབ་པ། 

    2025ལོའི་ཟླ་6ཚེས་14ཉིན་ནས་ཟླ་7ཚེས་13ཉིན་བར། སྤོ་ལོའི་རུ་ཁག་32བར་མང་དུ་བཏང་བའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་རོལ་རྩེད་པུའི་འཛམ་གླིང་བུམ་པའི་འགྲན་བསྡུར་གསར་པ་སྐབས་དང་པོ་ཨ་རིར་གཉེར་བ་རེད། མཐའ་བསྡུར་ནང་། ཧྥ་རན་སེའི་ཀ་པ་རིམ་པའི་ཕ་རི་སི་ཧྲེང་རི་ཨར་མན་རུ་ཁག་ལས་རྣམ་པར་རྒྱལ་ནས་རུ་ཁག་དེའི་ལོ་རྒྱུས་ཐོག་གི་འཛམ་གླིང་བུམ་པའི་ཨང་དང་པོ་ཐེངས་གཉིས་པ་བླངས་ཡོད། འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བཞིན་པ།

    ཁའོ་ཝུན་ཁྲུའེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་བུད་མེད་ཀྲུའུ་ཞི་ཐོག་མར་གྱུར་པ་དང་ཀྲུའུ་ཞིའི་འགན་ཁུར་རྗེས་སྒྱུར་བཅོས་རབ་དང་རིམ་པ་བྱས་པ།

    2025ལོའི་ཟླ་3ཚེས་20ཉིན། ཀེ་རི་སེར་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་འདེམས་བསྐོའི་ཁྲོད། ལོ་41ལ་སླེབས་པའི་ཙམ་པབ་ཝེའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཁོ་སི་ཏི·ཁའོ་ཝུན་ཁྲུའེ་ཆེས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་རྩ་འཛུགས་དེའི་ལོ་ངོ་131གི་ལོ་རྒྱུས་ཐོག་གི་བུད་མེད་ཀྲུའུ་ཞི་ཐོག་མ་དང་ཡོ་རོབ་དང་མེ་གླིང་ས་ཁུལ་ནས་མིན་པའི་ཀྲུའུ་ཞི་ཐོག་མར་གྱུར་ཅིང་། འདི་ནི་སུའེ་ཙེར་ལུའོ་སང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་སྤྱི་ཁྱབ་པུའུ་ཡི་ཀྲུའུ་ཞིའི་གོ་གནས་སྤྲོད་ལེན་མཛད་སྒོའི་ཐོག་གི་ཐུའོ་མཱ་སི·པཱ་ཧོ་ཧོ་ཁོ་སི་ཏི·ཁའོ་ཝུན་ཁྲུའེ(གཡོན)ཡིན་པ།

    སྐྱེས་པའི་རྒྱུག་བཀན་མཐོ་མཆོང“སྨི་6དང་ལི་སྨི་30”ཡི་དུས་རབས་སུ་སླེབས་པ། 

     2025ལོའི་ཟླ་9ཚེས་13ནས་ཚེས་21ཉིན་བར་གྱི་ཐོ་ཁེའོ་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་། སུའེ་ཏེན་གྱི་ལུས་རྩལ་མཁས་ཅན་ཏུའུ་ཕུའུ་ལན་ཏི་སི་ཡིས་སྨི་6དང་ལི་སྨི་30མཆོངས་ནས། ལས་རིགས་ལམ་བུའི་ཁྲོད་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་གི་འཛམ་གླིང་ཟིན་ཐོ་ཐེངས་14བཏོད་ཡོད།འདི་ནི་2025ལོའི་ཟླ་9ཚེས་15ཉིན། ཏུའུ་ཕུའུ་ལན་ཏི་སི་ཡིས་2025ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་རྒྱུག་བཀན་མཐོ་མཆོང་མཐའ་བསྡུར་ནང་འཛམ་གླིང་གི་ཟིན་ཐོ་གསར་པ་མངོན་པའི་སྐར་བཀོད་བྱང་བུ་དང་མཉམ་པར་རྒྱག་བཞིན་པ།

    རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་སོ་ཏི་ཨ་རབ་དང་མཉམ་དུ་གློག་རྡུལ་རྩལ་འགྲན་གྱི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་མཚམས་འཇོག་བྱས་པ།

    2025ལོའི་ཟླ་10ཚེས་30ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་སོ་ཏི་ཨ་རབ་དང་མཉམ་དུ་གློག་རྡུལ་རྩལ་འགྲན་གྱི་ཨོ་རྩལ་འགྲན་ཚོགས་རྣམ་གྲངས་གཉེར་རྒྱུ་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། གློག་རྡུལ་རྩལ་འགྲན་གྱི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་2025ལོར་གཉེར་རྒྱུའི་གཏན་འཁེལ་བྱས་པ་རེད།འདི་ནི་2025ལོའི་ཟླ་7ཚེས་20ཉིན་པར་བླངས་པའི་2025ལོའི་གློག་རྡུལ་རྩལ་འགྲན་གྱི་འཛམ་གླིང་བུམ་པའི་དཔའ་བོའི་མནའ་འབྲེལ་རྣམ་གྲངས་ཀྱི་མཐའ་བསྡུར་བྱ་ཡུལ་ཡིན་པ།

    མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་བསྡུར་མང་པོ་གཉེར་བ། 

     2025ལོའི་ཟླ་4པར་པེ་ཅིང་དབྱི་ཀྲོང་གི་ཕྱེད་མར་སུན་འགྲན་རྒྱུག་ཐོག་མི་གཟུགས་འཕྲུལ་མི་དང་མིའི་རིགས་ཀྱིས་ཐེངས་དང་པོར་རྒྱུག་རྩལ་འགྲན་པ་དང་། འདི་ནི་འཛམ་གླིང་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ཀྱི་4×100ཡི་མཐུད་རྒྱུག་མཐའ་བསྡུར་ཁྲོད་ལིང་དབྱི་ཚན་རྩལ་རུ་ཁག་ནས་ཡིན་པའི་མི་གཟུགས་འཕྲུལ་མི(མདུན)ཡིས་འགྲན་བསྡུར་བྱེད་བཞིན་པ།

    ནུའོ་ལི་སི་ཡིས་F1གི་ཨང་དང་པོ་ཐོག་མར་བླངས་པ།

    2025ལོའི་ཟླ་12ཚེས་7ཉིན། མའེ་ཁའེ་ལུན་གྱི་རླངས་འཁོར་གཏོང་མཁས་ཅན་ནུའོ་ལི་སི་ཡིས་2025ལོའི་འགྲན་དུས་འཛམ་གླིང་གི་རིམ་པ་དང་པོའི་མཉམ་བྱའི་ཚུལ་གྱི་འགྲན་འཁོར་ལེགས་སྐྱེས་འགྲན་བསྡུར(F1)གྱི་མཇུག་འགྲིལ་ས་ཚིགས་ཨབ་ཀྲ་པེའི་བྱ་དགའི་རྣམ་གྲངས་ཀྱི་འགྲན་བསྡུར་གལ་ཆེན་ནང་ཨང་གསུམ་པ་བླངས་ནས། རླངས་འཁོར་གཏོང་མཁས་ཅན་གྱི་ཨང་དང་པོའི་མིང་ཐོག་མར་ཐོབ་ཡོད། འདི་ནི་འགྲན་བསྡུར་གལ་ཆེན་མཇུག་འགྲིལ་རྗེས་ཨ་རག་ཤང་ཕིན་ཁ་ཕྱེ་ནས་རྟེན་འབྲེལ་ཞུ་བཞིན་པ།

    གོ་ལ་ཧྲིལ་པོའི་ལུས་རྩལ་ལས་རིགས་ཀྱིས་བུད་མེད་ཀྱི་འགྲན་བསྡུར་དྲང་གཞག་ཡོང་བར་དོ་ཁུར་བྱས་པ། 

     2025ལོའི་ཟླ་6པར་ཁའོ་ཝུན་ཁྲུའེ་ཡིས་ཀྲུའུ་ཞིའི་འགན་ཁུར་རྗེས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཕོ་མོ་དབྱེ་བ་མེད་པར་འགྲན་བསྡུར་ནང་ཞུགས་པ་སོགས་བུད་མེད་ཀྱི་འགྲན་བསྡུར་དྲང་གཞག་གི་གནད་དོན་ལ་དམིགས་ནས་གྲོས་བསྡུར་རྒྱ་ཁྱབ་བྱས་པ་དང་། དེ་རྗེས་རིགས་གཅིག་མཁས་ཅན་དང་རྣམ་གྲངས་རྐྱང་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་ལས་དོན་ཚོགས་ཆུང་བཙུགས་ནས་བུད་མེད་རྣམ་གྲངས་ཀྱི་འགྲན་ཞུགས་ཐོབ་ཐང་ལ་ཡང་བསྐྱར་ལྟ་ཞིབ་བྱས་པ་རེད།འདི་ནི་2024ལོའི་ཟླ་8ཚེས་9ཉིན། ཨར་ཅི་རི་ཡའི་བདམས་ཐོན་པ་ཧ་ལི་ཧྥུས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འབོག་སན་རྣམ་གྲངས་ཀྱི་བུད་མེད་ཀྱི་སྤྱི་རྒྱ་66རིམ་པའི་མཐའ་བསྡུར་ཚར་རྗེས་རྟེན་འབྲེལ་ཞུ་བཞིན་པ། ཧ་ལི་ཧྥུའུ་ཀྲུང་གོའི་བདམས་ཐོན་པ་དབྱང་ལིའུ་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་པ།

    ཆུ་རྐྱལ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སྐབས་མའེ་ཅིན་ཐུའོ་ཧྲི་ཡིས་གསེར་གྱི་རྟགས་མ་4བླངས་པ།

     2025ལོའི་ཟླ་7པ་ནས་ཟླ་8པའི་བར་འཚོགས་པའི་སིང་ཀ་ཕོར་གྱི་ཆུ་རྐྱལ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་ཆུ་རྐྱལ་འགྲན་བསྡུར་གྱིས་འཛམ་གླིང་གི་ཟིན་ཐོ་3དང་འགྲན་བསྡུར་གྱི་ཟིན་ཐོ་15བཏོད་ཡོད།འདི་ནི་2025ལོའི་ཟླ་7ཚེས་31ཉིན། ཁ་ན་ཏའི་བདམས་ཐོན་པ་མའེ་ཅིན་ཐུའོ་ཧྲི(སྟེང)་2025ལོའི་འཛམ་གླིང་ཆུ་རྐྱལ་གྱི་ལེགས་སྐྱེས་འགྲན་བསྡུར་བུད་མེད་ཀྱི་སྨི་200ཡི་ཕྱེ་ལེབ་རྐྱལ་གྱི་མཐའ་བསྡུར་བྱེད་བཞིན་པ་དང་། ཁོ་མོར་མཐར་ཨང་དང་པོ་ཐོབ་ཡོད། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།