དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་བུ་གསོའི་ཁ་གསབ་དངུལ་ཟླ་1ཚེས་5ཉིན་ནས་བཟུང་ཕྱོགས་ཡོངས་ནས་རེ་ཞུ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-01-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2026ལོའི་བུ་གསོའི་ཁ་གསབ་དངུལ་ཚེས་5ཉིན་ནས་བཟུང་ཕྱོགས་ཡོངས་ནས་རེ་ཞུ་བྱེད་འགོ་ཚུགས་ཡོད་པ་རེད། ཚེས་5ཉིན་གྱི་ཆུ་ཚོད་12:00བར། བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད།

    དེ་གོང་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་ཟླ་1ཚེས་1ཉིན་ནས་ཚེས་4ཉིན་བར་རིམ་སྤོར་དང་ཚོད་ལྟ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2026ལོར་བུ་གསོའི་ཁ་གསབ་དྲ་ཐོག་ནས་ལེན་པའི་འགྱུར་ལྡོག་ཆེ་ཤོས་ནི། 2025ལོའི་གཞི་རྩའི་བྱེད་ནུས་ཐོག་དངུལ་ལེན་པའི་བྱེད་ནུས་མུ་མཐུད་མང་དུ་བཏང་བ་སྟེ། 2025ལོར་བུ་གསོའི་ཁ་གསབ་དངུལ་བླངས་པ་མ་ཟད་ལོ་གསར་པར་མུ་མཐུད་ལེན་པའི་ཆ་རྐྱེན་འཛོམས་རིགས་ལ། རེ་ཞུ་བྱེད་མཁན་གྱིས་མུ་མཐུད་ཁ་གསབ་དངུལ་ལེན་པའི་རེ་ཞུ་བྱེད་ཆོག་གི་ཡོད།

    མིག་སྔའི་བར། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31ཚང་མར་2025ལོའི་བུ་གསོའི་ཁ་གསབ་དངུལ་སྤྲད་པ་དང་། རིམ་རྩིས་བརྒྱབ་ན་ཁ་གསབ་དངུལ་ལེན་མཁན་མི་གྲངས་ཁྲི་2400ལྷག་ཙམ་ཟིན་ཏེ། 2025ལོར་བུ་གསོའི་ཁ་གསབ་དངུལ་སྤྲོད་ཚད་80%ཡས་མས་ཟིན་ཡོད་པ་རེད།

    རེ་ཞུའི་ཆ་རྐྱེན་འཛོམས་པའི་བྱིས་པ་དང་ཕྲུ་གུ་དམར་འབྱར་ཡིན་ཚེ། རེ་ཞུ་བྱེད་མཁན་གྱིས་དངུལ་སྤྲོད་འབོ་དང་སྐད་འཕྲིན་སོགས་ལས་སྟེགས་ཀྱི“བུ་གསོའི་ཁ་གསབ”ཀྱི་བྱ་རིམ་ཆུང་གྲས་དང་། དེ་བཞིན་ཕྲུ་གུའི་ཐེམ་ཐོ་ཡོད་སའི་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་བུ་གསོའི་ཁ་གསབ་རེ་ཞུའི་ཆེད་དམིགས་ཁུལ་ནས་རེ་ཞུ་བྱེད་ཆོག་ལ། ཕྲུ་གུའི་ཐེམ་ཐོ་གནས་ཡུལ་གྱི་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་ནས་ཀྱང་རེ་ཞུ་བྱས་ཆོག

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།