དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཐེམ་ཆ་འཕྲིན་དོ་དམ་མ་ལག་རིམ་པ་སྤར་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-01-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཐེམ་ཆ་འཕྲིན་དོ་དམ་མ་ལག་དངོས་སུ་རིམ་པ་སྤར་ནས་དྲ་ཞུགས་སྤྱོད་འགོ་ཚུགས་ཤིང་། ཐོབ་ཐང་ཆ་འཕྲིན་བསྐྱར་བཤེར་བྱེད་སྟངས་ལེགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་མི་འབོར་གྱི་རྨང་གཞིའི་ཆ་འཕྲིན་མཛོད་དང་གཤིབ་བསྡུར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་ཐེམ་བསྐྱར་ཟློས་བྱས་པ་དང་སློབ་མ་མེད་པར་སློབ་ཐེམ་བཟུང་བ་སོགས་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱ་རྒྱུ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་ཐེམ་མ་ལག་རིམ་པ་སྤར་རྗེས་སློབ་ཐེམ་ཐོ་འགོད་དང་། རིམ་གྲུབ། སློབ་སྒྱུར། སློབ་འཕར། སློབ་ཐོན་སོགས་ལྟེ་བའི་ལས་སྒོ་བསྡུ་སྒྲིལ་བྱས་ནས་བརྒྱུད་རིམ་ཡོངས“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་ཐུབ་པར་བྱས་པ་ལས། ཞིང་ཆེན་བསྒྲལ་ནས་སློབ་སྒྱུར་བྱེད་པའི་ལས་ཕྱོད་དེ་མ་ལག་རིམ་སྤོར་མ་བྱས་གོང་དང་བསྡུར་ན་ཇེ་ཆེར་འགྲོ་རྒྱུ་རེད། གཞན་ཡང་། གྲངས་གཞིའི་ཆ་འཕྲིན་བདེ་འཇགས་ཐད་དམ་ཞིང་ནན་པའི་བདེ་འཇགས་དོ་དམ་ལམ་ལུགས་བརྒྱུད་རིམ་ལྡན་པའི་ངང་བཟོས་ཏེ། ཐོ་ཨང་རིམ་དབྱེའི་དབང་སྤྲོད་དང་། བཀོལ་སྤྱོད་བརྒྱུད་རིམ་ཧྲིལ་པོའི་རྗེས་ཤུལ་མཐོང་བ། ཡུན་རིང་བདེ་སྤྱོད་མ་བཏང་བའི་ཐོ་ཨང་བཀག་སྡོམ་བྱེད་པ་སོགས་ཀྱི་ལམ་སྲོལ་ལག་བསྟར་བྱས་ནས་སློབ་མ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ནན་པོ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།