དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམིགས་ཚད་དམ་བཟུང་གིས་དཀའ་སྤྱད་དངོས་སྒྲུབ་བྱེད་པ།

    ​—— 2026ལོའི་ལས་ཀའི་ཉིན་དང་པོའི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-07

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་རེད།

    ཟླ་1ཚེས་4ཉིན། ལོ་གསར་པའི་ལས་ཀའི་ཉིན་དང་པོར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དམིགས་ཚད་དམ་བཟུང་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་ཕུགས་འདུན་གྱི་ཆེད་འབད་འཐབ་དང་བདེ་སྐྱིད་ཀྱི་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཅིང་། ཚ་ཚ་འུར་འུར་གྱི་ལས་ཀའི་རྣམ་པ་རེ་རེ་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་རྣམ་པ་གསར་པ་མངོན་བཞིན་མཆིས།

    ཐོན་རྫས་ཀྱི་ཇུས་འགོད་རི་མོ་ལས་མངོན་པའི་གསར་གཏོད་ཀྱི་གསོན་ཤུགས།

    ཀྲེ་ཅང་ཧང་ཀྲོའུ་ཡུས་ཧྲུའུ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་གྲོས་ཚོགས་ཁང་ནང་ལག་རྩལ་ཆེ་མོ་བ་དང་ལག་རྩལ་ཚོགས་པས་གནས་ཚུལ་ཞིབ་ཕྲར་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། འགྲེམས་ཁང་ནང་མི་གཟུགས་འཕྲུལ་མི་སོགས་ཀྱི་ཐོན་རྫས་སྣ་ཚོགས་བསྒྲིགས་ཡོད། ཆུ་ཚོད་11ཙམ་ལ། ཁྲོམ་རའི་ཅིང་ལི་ཁྲེན་ཅཱ་ཤིན་གྱིས་ལྟ་སྐོར་ཚོགས་པར་སྣེ་ལེན་ཞུས་རྗེས་དེ་མ་ཉིད་དུ་ཚོད་ལྟ་ཁུལ་དུ་བསྐྱོད།

    ལོ་གསར་པ་ཤར་ཚུན། ཁྲེན་ཅཱ་ཤིན་གྱི་ལག་ཐོགས་ཁ་པར་ནང་སྒྲུབ་རྒྱུའི་དོན་དག་མང་པོའི་ཟིན་ཐོ་ཡོད་ཅིང་། ཇུས་འགོད་བྱས་པའི་འཕྲུལ་མིའི་ལས་རིགས་བརྒལ་བའི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་དང་། ཉེ་ཆར་དྲ་ཐོག་ཏུ་བཏོན་པའི་འཕྲུལ་མིའི་ཉེར་སྤྱོད་ཚོང་ཁང་གིས་སྤྱོད་མཁན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་སོགས་རེད།

    འགུལ་རིས་རི་མོ་ལས་མངོན་པའི་སྒོ་དབྱེའི་ཡིད་དབང་འགུག་ཤུགས།

    གྲུ་གཟིངས་ཀྱི་དུང་བརྡ་གྲགས་པ་དང་བསྟུན་ནས་དོས་སྒམ་བྱུར་བུར་བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཤིག་དལ་བུར་ཧའེ་ནན་དབྱང་ཕུའུ་གྲུ་ཁར་འབྱོར། གྲུ་གཟིངས་གྲུ་ཁར་མ་སླེབས་གོང་གྲུ་གཟིངས་དང་ཚོང་ཟོག་གི་ཆ་འཕྲིན་ཚང་མ་དྲ་ཐོག་བརྒྱུད་གྲུ་ཁར་སྔོན་ལ་འབྱོར་ཏེ། སྔོན་ཚུད་ནས་ཞིབ་དཔྱད་ལེགས་གྲུབ་ཟིན་ཡོད།

    སྔ་དྲོར། ཧའེ་ཁོའུ་འགག་སྒོའི་ཁོངས་གཏོགས་དབྱང་ཕུའུ་འགག་སྒོ་ལྟ་འདོམས་ཁྲུའི་ཁྲུའུ་ཀྲང་ལི་ཝུན་དང་ལས་རོགས་ཚོ་ཁྲལ་ཆག་བྱུག་རྫས་ཁག་གཅིག་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་བྱེད་པའི་ལས་ལ་བྲེལ་བཞིན་མཆིས། དབྱང་ཕུའུ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་དངོས་ཟོག་འདོན་འཇུག་ཁུལ་དུ་སྐྱོད་སྐབས་ཟོག་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པའི་ལས་བྲེལ་གྱི་རྣམ་པ་མཐོང་ཐུབ།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན། རྒྱལ་མཚམས་ནས་ཐོན་པ་དང་། རྒྱལ་མཚམས་སུ་འཛུལ་བ། འགག་སྒོ་སྒྲོལ་བ་བཅས་ཀྱི་འགུལ་རིས་རི་མོ་དེ་བས་ཁ་གསལ་ཡོད་ཅིང་། ཕྱོགས་བསྡུས་ལྟ་བཤེར་བྱ་ཐབས་སྣ་ཚོགས་སྤྱད་པས། ཕྱི་ཕྱོགས་འགག་སྒོ་སྒོ་དབྱེ་ཡག་པོ་ཐུབ་ཡོད་ལ་དོ་དམ་ཡང་ཡག་པོ་བྱུང་ཡོད།

    ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས། ཚོང་ཟོག་ཁག་ཐེངས་དེ་འགག་སྒོ་ནས་ཧའེ་ཁོའུ་རྒྱལ་སྤྱིའི་ཁྲལ་ཆག་གྲོང་དུ་སྐྱེལ་རྒྱུ་རེད། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། ཧའེ་ཁོའུ་འགག་སྒོ་ལས་ཁུངས་ཀྱིས་གླིང་བྲལ་ཁྲལ་མེད་ཚོང་ཟོག་ཁྱོན་ཁྲི་44.2བཙོངས་པར་ལྟ་འདོམས་བྱས་པ་དེ་དུས་མཚུངས་ལས་52.4%འཕར་བ་དང་། དངོས་ཟོག་ཉོ་སྒྲུབ་ཀྱི་དངུལ་འབོར་སྒོར་དུང་ཕྱུར་7.12ཟིན་པ་དེ་དུས་མཚུངས་ལས་128.9%འཕར་ཡོད།

    ལམ་སྟོན་དཔེ་རིས་ལས་མངོན་པའི་ཞབས་ཞུའི་མཉམ་ཤུགས།

    ཐོག་སོ་དང་པོའི་སྡེ་ཁུལ་ཟ་ཁང་ལས་ཚལ་གྱི་དྲི་ཞིམ་གང་སར་འཐུལ་བ་དང་། ཐོག་སོ་གསུམ་པའི“གཅེས་ཕྲུག་ཁང”དུ་ཆེད་ལས་བུ་རྫིས་ཕྲུ་གུ་ཆུང་ཆུང་ཚོ་ཁྲིད་དེ་རྩེད་མོ་རྩེ་བ། ཐོག་སོ་བཞི་པའི་ཞབས་བྲོ་ཁང་དུ་ཚང་མས་རོལ་དབྱངས་དང་བསྟུན་ནས་ཞབས་བྲོ་འཁྲབ་བཞིན་ཡོད།

    ལོ་56ལ་སླེབས་པའི་གཡོད་མེང་གིས་ཚ་མོ་ཁྲིད་དེ་ཧྲང་ཧའེ་གྲོང་ཁྱེར་ཅིང་ཨན་ཆུས་ཀུང་ཧོ་ལམ་གསར་ཁྲོམ་གཞུང་གི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་པ་དང་། འདི་གར་བཅོལ་གསོ་དང་། རིག་གནས། བཟའ་བཏུང་ཞབས་ཞུ། ལུས་སྦྱོང་སོགས་ཀྱི་སྤྱོད་གོ་མང་པོ་ཡོད། ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀེ་ཅེ་ཡིས་མང་ཚོགས་ཀྱི་དགོས་མཁོ་ཉན་པ་དང་འབྲེལ་ཡོད་ལས་དོན་སྦྲེལ་མཐུད་བྱེད་ཅིང་། ཁོང་གིས“གྲོང་མིས་དོ་ཁུར་བྱེད་པའི‘རྒན་གཅིག་གཞོན་གཅིག’གི་གནད་དོན་ལ་དམིགས་ནས། ང་ཚོས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་གི་ཡོད། གོམ་སྟབས་རྗེས་མར་གྲོང་མིས་དེ་བས་ལེགས་པའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།