དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་རྒྱལ་ནང་གི་གསར་འགྱུར་ཆེ་གྲས་བཅུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-07

    ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ནས་མི་རིགས་ཀྱི་སྙིང་སྟོབས་རབ་འཕེལ་གྱིས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    2025ལོའི་ཟླ་9ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཟིགས་སྦྲེང་དམག་དཔུང་ལ་གཟིགས་ཞིབ་གནང་བཞིན་པ།

    གཙོ་བདག་གི་ཕྱི་འབྲེལ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པར་ཁྲིད་སྟོན་བྱས་པ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཡིས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་བསྣན་པ།

    2025ལོའི་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་1ཉིན་བར། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཐེན་ཅིན་དུ་འཚོགས་པ་རེད། 2025ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད།2025ལོའི་ཟླ་10ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་སྟངས་དཔྱལ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་སྐྱོན་བཞིན་པ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ནས་འབྱུང་འགྱུར་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ།

    2025ལོའི་ཟླ་10ཚེས་20ཉིན་ནས་ཚེས་23ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་ཤིང་། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《གྲོས་འགོའི》འཆར་ཟིན་འགོད་པའི་འབྲེལ་ཡོད་གནས་ཚུལ་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

    ཀྲུང་གོའི་གློག་བརྙན་གོ་ལ་ཧྲིལ་པོའི་འགུལ་རིས་གློག་བརྙན་གྱི་སྤ་སེ་བྲིན་མང་ཤོས་ཀྱི་བང་རིམ་དུ་ཚུད་པ།

    2025ལོའི་ཟླ་3ཚེས་14ཉིན། གློག་བརྙན《ནོ་ཏྲ། བདུད་ཕྲུག་གིས་ཀླུ་ཡུལ་དཀྲུགས་པ》དེ་ཉིད་གོ་ལ་ཧྲིལ་པོར་གློག་བརྙན་སྤ་སེ་བྲིན་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་150ཟིན་ནས། གོ་ལ་ཧྲིལ་པོའི་འགུལ་རིས་གློག་བརྙན་སྤ་སེ་བྲིན་མང་ཤོས་ཀྱི་བང་རིམ་ཨང་དང་པོ་ཡིན་པ་རེད། འདི་ནི་ལྟད་མོ་བས《ནོ་ཏྲ། བདུད་ཕྲུག་གིས་ཀླུ་ཡུལ་དཀྲུགས་པའི》དྲིལ་བསྒྲགས་འགྲེམས་པང་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོར་ཞུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ།

    ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་2025ལོའི་ཟླ་8ཚེས་20ཉིན་དང་ཚེས་21ཉིན་བོད་དུ་ཕེབས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། 2025ལོའི་ཟླ་9ཚེས་23ཉིན་ནས་25ཉིན་བར་ཤིན་ཅང་དུ་ཕེབས་ཏེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་རེད།གཡོན་གྱི་པར་ནི་2025ལོའི་ཟླ་8ཚེས་21ཉིན་གྱི་སྔ་དྲོར། གཟབ་འཁོར་ཐོག་གི་འཁྲབ་སྟོན་པས་མི་ཚོགས་ལ་ལག་པ་གཡུག་གཡུག་བྱས་ཏེ། སྤྲོ་སེམས་འཁོལ་པོས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།གཡས་ཀྱི་པར་ནི་2025ལོའི་ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཏེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།

    ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་བ།

    2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་རྗེས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་ཏན་ཏིག་སྤེལ་ཞིང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་གནང་བའི་2025ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད།འདི་ནི་2025ལོའི་ཟླ་6ཚེས་5ཉིན། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཁྲུང་ཁྲོན་ཆུས་ལང་ཧྲན་གྲོང་རྡལ་ཁྲོམ་གཞུང་གི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བརྗོད་དོན་གཙོ་བོར་བྱས་པའི་སྲིད་གཙང་འགྲེམས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ནས་ངོགས་གཉིས་ཀྱི་སྤུན་ཟླས་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཆེད་ཐུན་མོང་འབད་འཐབ་བྱེད་པར་སྐུལ་ལྕག་བཏང་བ།

    2025ལོའི་ཟླ་10ཚེས་24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་བརྒྱུད། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཟླ་10ཚེས་25ཉིན་ནི་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཤིང་། ཟླ་10ཚེས་25ཉིན། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། འདི་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    གཡོད་ཀང་ཨའོ་ས་ཁུལ་གསུམ་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་མཉམ་དུ་གཉེར་བས་ལུས་རྩལ་ཁྱབ་ཁོངས་སུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གསར་གཏོད་ལག་ལེན་ལ་གྱུར་པ

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་2025ལོའི་ཟླ་11ཚེས་9ཉིན་ནས་ཚེས་21ཉིན་བར་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་གཉེར་བ་རེད། འདི་ནི་གཡོད་ཀང་ཨའོ་ལུས་རྩལ་འཐུས་མི་ཚོགས་པས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོའི་ཚོགས་རར་འཛུལ་བཞིན་པ།

    ཚན་རྩལ་འདུ་འགོད་གལ་ཆེན་ལ་ཚད་བརྒལ་གསར་པ་བྱུང་སྟེ་རང་རྒྱལ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་ཕྱོགས་སུ་མགྱོགས་མྱུར་བསྐྱོད་པ།

    2025ལོའི་ཟླ་4པ་ཚུན་དུ། ལྷ་གྲུ་ཨང་ཉི་ཤུ་པ་དང་། ཉེར་གཅིག་པ། ཉེར་གཉིས་པ་བཅས་གཅིག་རྗེས་གཉིས་མཐུད་ངང་འཕེན་གཏོང་བྱས་ཤིང་། འདི་ནི་2025ལོའི་ཟླ་12ཚེས་9ཉིན་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་བརྙན་ལམ་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་ཉེར་གཅིག་ཚོགས་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་ཀྲང་ལུའུ་དང་ཝུའུ་ཧྥེ(གཡས)གཉིས་གྲུ་ཚང་གི་ཕྱིར་ལས་ཀ་བྱེད་བཞིན་པ།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་སུ་སྒོ་ཁྲལ་བསྡམས་པ།

     2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་གླིང་ཕྲན་ཡོངས་སུ་སྒོ་ཁྲལ་བསྡམས་པ་དེ་ནི་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་བྱེད་རང་བཞིན་གྱི་བྱ་ཐབས་ཤིག་རེད།འདི་ནི་2025ལོའི་ཟླ་12ཚེས་18ཉིན། རྡོ་སྣུམ་རྫས་འགྱུར་གྱི་མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་བླུག་པའི་ཕྱི་རྒྱལ་གྱི་གྲུ་གཟིངས་ཤིག་ཧའེ་ནན་ཞིང་ཆེན་ཏན་ཀྲོའུ་གྲོང་ཁྱེར་དུ་གནས་པའི་རྒྱལ་འཇོག་དབྱང་ཕུའུ་སྣུམ་གསོག་གྲུ་ཁའི་ཏུན་ཁྲི་30རིམ་པའི་མ་བཅོས་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་འཇོག་སར་འབྱོར་བ།ཤིན་ཧྭ་གསར་འགྱུར་ཁང་གིས་བདམས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།