དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས།

    “ཤེས་དཔལ་གྱི་འཚོ་བ་གསར་པའི”བྱེད་སྒོ་སྤེལ་བར་ཕན་འབྲས་གསར་པ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-07

    2025ལོའི་ཟླ་བདུན་པར། ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས“ཤེས་དཔལ་གྱི་འཚོ་བ་གསར་པའི”བསྡུར་སློབ་སྙེག་བརྒལ་བྱེད་སྒོ་སྤེལ་འགོ་ཚུགས་ཚུན། གཞི་རྟེན་སྣ་མང་ལ་བརྟེན་ནས“ཤེས་དཔལ་ཡར་ཐོན་གྱི་གོམས་གཤིས་གསར་པ་འཇགས་པར་བྱེད། བདེ་ཐང་གི་བདེ་སྐྱིད་འཚོ་བར་ཅི་དགར་རོལ་བའི”དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ། གྲོང་ཁྱེར་དེ་ཡོངས་སུ་བསྡུར་སློབ་སྙེག་བརྒལ་དང་སྔོན་གཏོད་ལེགས་བརྩོན་གྱི་རྣམ་པ་ཟབ་མོ་ཆགས་པར་བྱས་ནས། ཤེས་དཔལ་ལག་ལེན་བསྟར་བའི་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ནུས་ལྡན་འཕེལ་བར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀུན་ཏུ་ཤེས་དཔལ་གྱི་གོམས་གཤིས་གསར་པ་འཇགས་པར་བྱས་པ་རེད།

    བྱེད་སྒོ་སྤེལ་འགོ་ཚུགས་རྗེས། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་རང་འགུལ་ངང་ཞུགས་ཤིང་། བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཉེ་འགྲམ་གྱི་མི་དང་། ཉེ་འགྲམ་གྱི་བྱ་བ། ཕ་ཡུལ་གྱི་འགྱུར་ལྡོག་བཅས་ཀྱི་ཁྲོད་ནས་གསར་རྩོམ་གྱི་ས་བོན་བསྡུ་ལེན་བྱས་ཐོག་རང་ཉིད་ཀྱི་ཁྱད་ཆོས་དང་སྡེ་ཚན་གྱི་ལེགས་ཆ་གང་ལེགས་བཏོན་ཏེ། རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཤེས་དཔལ་གྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་པ་རེད། དེའི་རིང་། ཕུལ་བྱུང་བརྩམས་ཆོས་ཁྱོན་189གསར་རྩོམ་བྱས་པའི་ནང“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པ”དང“ཤེས་དཔལ་གྱི་དཔལ་འབར་སྤར་ནས་དུད་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ”སོགས་དྲིན་གཟོའི་བསམ་བློ་དང་ཤེས་དཔལ་གྱི་འདུ་ཤེས་བརྒྱུད་སྤྲོད་བྱེད་པའི་བརྗོད་དོན་གཙོ་བོའི་བརྩམས་ཆོས་ཡོད་ལ། “ཤེས་དཔལ་དར་སྤེལ་གཏོང་། ཡ་རབས་འགྲོ་སྐྱོད་བྱེད》ཅེས་པ་སོགས་རྒྱུན་གཏན་གྱི་ཡ་རབས་བྱ་སྤྱོད་ལ་དམིགས་པའི་ཚན་རིག་ཁྱབ་གདལ་བརྩམས་ཆོས་ཀྱང་ཡོད་པས། ཤེས་དཔལ་གྱི་གོམས་གཤིས་གསར་པ་ལས་འཚོ་བར་འགྱུར་ལྡོག་གཏིང་ཟབ་བྱུང་བ་གསོན་ཉམས་དོད་པོས་མངོན་ཡོད་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཀྱང་གཏིང་ཟབ་མཚོན་ནས། ཤེས་དཔལ་གྱི་འདུ་ཤེས་སྔར་བས་མངོན་གསལ་དོད་ཅིང་གསོན་ཉམས་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་མཐོང་ཐུབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།