དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “སྣ་མང་གི་ཤེས་དཔལ། ཐུན་མོང་གི་འཛམ་གླིང”ཞེས་པའི་གོ་ལ་ཧྲིལ་པོའི་གཞོན་ནུའི་ཕྱོགས་མང་སྐད་ཆ་ཤོད་རེས་བྱེད་སྒོ་སིང་ཀ་ཕོར་དང་མ་ལེ་ཞི་ཡར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-07

    ཉེ་ཆར། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་རིག་གནས་ཁྱབ་སྤེལ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“སྣ་མང་གི་ཤེས་དཔལ། ཐུན་མོང་གི་འཛམ་གླིང”ཞེས་པའི་གོ་ལ་ཧྲིལ་པོའི་གཞོན་ནུའི་ཕྱོགས་མང་སྐད་ཆ་ཤོད་རེས་ཀྱི་ཨེ་ཤེ་ཡའི་ཆེད་དོན(སིང་ཀ་ཕོར་དང་མ་ལེ་ཞི་ཡ)བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་དབྱིན་ཧྥུའུ་ཡིས་མ་ལེ་ཞི་ཡའི་ཆེད་དོན་བྱེད་སྒོའི་བརྙན་ལམ་ཐོག་ཤིས་ཚིག་བསྒྲོན་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིའུ་ཧྲི་ཀྲུང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་སིང་ཀ་ཕོར་རྒྱལ་བཙུགས་སློབ་ཆེན་དང་། ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། མ་ལེ་ཡ་སློབ་ཆེན་སོགས་ཀྱི་སྐུ་མགྲོན་སུམ་བརྒྱ་ལྷག་ཙམ་བྱེད་སྒོ་དེ་གཉིས་ལ་ཞུགས་པ་རེད།

    ད་ཐེངས་གོ་ལ་ཧྲིལ་པོའི་གཞོན་ནུའི་སྐད་ཆ་ཤོད་རེས་བྱེད་སྒོ་དེ་སིང་ཀ་ཕོར་དུ“མི་རབས་གསར་པས་ཡར་ཀླུང་གཙང་པོའི་སྐད་སྒྲ་ཉན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། མ་ལེ་ཞི་ཡར“རྩོམ་ཡིག་ལམ་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་གཞོན་ནུས་རྒྱུན་འཛིན་བྱེད་པའི་ལས་འགན་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གཙོ་དོན་གཏམ་བཤད་སྤེལ་བ་དང་གྲལ་སྒོར་གྲུ་བཞིའི་སྐད་ཆ་ཤོད་རེས་བྱས་པ་རེད། ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་15ཡིས“རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། རིག་གནས་ཁྱབ་སྤེལ། སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས། རྒྱལ་སྤྱིའི་སྤེལ་རེས”བཅས་ཕྱོགས་བཞིའི་ཐོག་ནས་ཁོང་ཚོའི་ལག་ལེན་དང་བསམ་གཞིག་མཉམ་སྤྱོད་བྱས་ཏེ་རིག་གནས་ལས་བརྒལ་བའི་སྤེལ་རེས་ཐད་ཐབས་ལམ་སྣ་མང་དང་ལག་ལེན་གྱི་བློ་གྲོས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།