དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བཟོ་ཚོང་ལས་རིགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-07

    ཟླ་1ཚེས་5ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་ཚོང་ལས་རིགས་ཀྱི་མི་སྣ་གདན་དྲངས་ནས་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བསམ་འཆར་བསྡུ་ལེན་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།

    ཚོགས་ཞུགས་མི་སྣས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་ནན་ཏན་ངང་ལྟ་བ་དང་སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་གནས་ཚུལ་གྱི་ངོ་སྤྲོད་ཉན་ཏེ་བཟོ་ཚོང་ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་དང་ལས་ཀའི་ཕན་འབྲས་དང་ཟུང་འབྲེལ་བྱས་ནས། དམིགས་སའི་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། འཆར་ཟིན་འགོད་མཁན་ཚོགས་ཆུང་གིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་པ་དང་། མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ། ལས་ཀའི་ལག་ལེན་ལ་མཛུབ་ཁྲིད་ཐུབ་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ནན་ཏན་ངང་བཟོ་རྒྱུ་རེད།

    ཚོགས་འདུའི་ཐོག་2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།《དམངས་གཉེར་དཔལ་འབྱོར་གྱི་སྐུལ་གཏོང་བཅའ་ཁྲིམས》ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་དོན་ནུས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་རའི་ཞུགས་འཐུས་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་བརྟན་ཐོག་ཡར་འཕེལ་གྱིས་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བཟོ་ཚོང་ལས་རིགས་དང་མཉམ་དུ་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།