དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་ཀྲུང་གོ་ནས་ཉོ་བའི་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་དུས་ཚིགས་འཆར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-06

    2026ལོའི“ཀྲུང་གོ་ནས་ཉོ་བའི”དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་དུས་ཚིགས་འཆར་བའི་མཛད་སྒོ་ཟླ་1ཚེས་3ཉིན་ཧྲང་ཧའེ་རུ་འཚོགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་འབྲེལ་ཡོད་ཁེ་ལས་ཀྱིས“ཀྲུང་གོ་ནས་ཉོ་བའི”བྱེད་སྒོའི་བྱེད་ཐབས་ཁག་ཡོངས་བསྒྲགས་བྱས་པ་རེད།

    ཚོང་དོན་པུའུ་ཡིས་2026ལོའི“ཀྲུང་གོ་ནས་ཉོ་བའི”རིམ་སྤེལ་བྱེད་སྒོ་མུ་མཐུད་སྒྲིག་འཛུགས་བྱས་ཏེ་ཚོང་ཟོག་འཛད་སྤྱོད་དང་། ཞབས་ཞུའི་འཛད་སྤྱོད། ཡུལ་རྣམ་འཛད་སྤྱོད་བཅས་ཀྱི་བརྗོད་དོན་གཙོ་བོ་ཆེན་པོ་གསུམ་ལ་དམ་པོར་དམིགས་ཏེ་རྒྱལ་ཡོངས་སུ“དཔྱིད་གསར་ལ་དགའ་ཉོ”དང་། སྤུས་ལེགས་འཛད་སྤྱོད་ཟླ་བ། རྒྱལ་སྤྱིའི་འཛད་སྤྱོད་དུས་ཚིགས་སོགས་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་དང་། ཞིང་ཆེན་ཁག་གིས“ས་གནས་ས་ཚིགས”ཀྱི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱི་ཅན་གྱི་འཛད་སྤྱོད་ཁོར་ཡུག་འཛུགས་སྐྱོང་གི་ཚོད་ལྟའི་གྲོང་ཁྱེར་15སྒྲིག་འཛུགས་བྱས་ཏེ“གྲོང་ཁྱེར་གྱི་ཆེད་གཉེར”བྱེད་སྒོ་སྤེལ་རྒྱུ་རེད། བརྗོད་དོན་གཙོ་བོ་གཅིག་གྱུར་དང་ཁྱད་ཆོས་མངོན་གསལ་དོད་པའི་བྱེད་སྒོ་སྤེལ་བ་བརྒྱུད་འཛད་སྤྱོད་ཀྱི་རྣམ་པ་ཟབ་མོ་བཏོད་དེ་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱ་རྒྱུ་རེད།

    2026ལོའི“ཀྲུང་གོ་ནས་ཉོ་བའི”བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“དཔྱིད་གསར་ལ་དགའ་ཉོ”བྱེད་པའི་དཔྱིད་གསར་དུས་ཆེན་གྱི་དམིགས་བསལ་བྱེད་སྒོ་སྤེལ་རྒྱུ་དང་། ས་གནས་ཁག་གིས“ཟ་སྡོད་འགྲོ་སྐོར་ཉོ་རྩེད”ཀྱི་འཁོར་འབྲེལ་ཧྲིལ་པོར་དམིགས་ནས་དམངས་ཕན་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་བྱེད་མང་བའི་རྣམ་པ་གསར་པ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།