དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨིར་ལན་གྱི་ཙུང་ལི་མཱ་ཏིང་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-06

    ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨིར་ལན་གྱི་ཙུང་ལི་མཱ་ཏིང་ཟླ་1ཚེས་4ནས་8ཉིན་བར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་རྒྱུའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཙུང་ལི་མཱ་ཏིང་ད་ཐེངས་འཚམས་འདྲིར་ཕེབས་པ་ནི་ཨིར་ལན་གྱི་ཙུང་ལི་ལོ་14སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པ་ཞིག་རེད། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་དང་མཇལ་འཛོམས་གནང་རྒྱུ་དང་། ཙུང་ལི་ལི་ཆང་དང་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་རྣམ་གཉིས་ཀྱིས་ཁོང་དང་སོ་སོར་གྲོས་མོལ་དང་མཇལ་འཛོམས་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད། པེ་ཅིང་ཕུད་ཙུང་ལི་མཱ་ཏིང་གིས་ད་དུང་ཧྲང་ཧའེ་ལ་འཚམས་འདྲིར་ཕེབས་རྒྱུ་རེད་ཅེས་བརྗོད་པ་རེད།

    མགྲིན་ཚབ་པས། ཉེ་བའི་ལོ་ཤས་རིང་། ཀྲུང་ཨིར་རྒྱལ་ཁབ་གཉིས་དབར་གྱི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྒོ་དབྱེ་མཉམ་ལས་བྱས་པ་བརྒྱུད་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་བྱུང་བའི་ཕན་པ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐབས་དང་བསྟུན་ནས་ཨིར་ལན་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་དང་གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ། དུས་རབས་གསར་པར་ཕྱོགས་གཉིས་པོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་ཡོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་ཆེད་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།