དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ནེ་ཙུའེ་ལ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲིན་ཡིག་སྤྲིངས་ནས་རེ་བ་4བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-06

    ཚེས་3ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཝེ་ནེ་ཙུའེ་ལ་ཡི་འཐུས་མི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བ་འདིའི་རེས་སྐོར་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་སོ་མ་ལིའི་འཐུས་མི་ཨ་པུའུ་ཁར་·ཏ་ཤིར·ཨའོ་སི་མན་ལ་འཕྲིན་ཡིག་སྤྲིངས་ཏེ། ཨ་རིས་ཝེ་ནེ་ཙུའེ་ལར“གདུག་རྩུབ་ཆེ་ཞིང་ཁུངས་ལུང་མེད་པར་ཕྱོགས་རྐྱང་པ”ནས་དྲག་པོའི་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་སྦྲགས། བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཛ་དྲག་གི་ཚོགས་འདུ་འཚོག་རྒྱུ་སོགས་ཀྱི་རེ་བ་4ཡང་བཏོན་པ་རེད།

    རེ་བ་བཞི་པོ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ནས་ཨ་རིའི་བཙན་འཛུལ་གྱི་བྱེད་སྤྱོད་སྐོར་ལ་གྲོས་བསྡུར་བྱེད་པ་དང་། ཨ་རིས་ཝེ་ནེ་ཙུའེ་ལ་ཡི་མི་དམངས་དང་སྲིད་གཞུང་ལ་དྲག་པོའི་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་རྒྱུ། ཨ་རིའི་དམག་དཔུང་ལ་ཝེ་ནེ་ཙུའེ་ལར་དམིགས་པའི་དྲག་པོའི་རྒོལ་རྡུང་གཏོང་མཚམས་འཕྲལ་མར་འཇོག་རྒྱུའི་བླང་བྱ་འདོན་རྒྱུ། དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཨ་རི་སྲིད་གཞུང་ལ་རང་ཉིད་ཀྱི་བཙན་འཛུལ་བྱས་ཉེས་ཀྱི་འགན་འཁུར་དུ་འཇུག་རྒྱུ་བཅས་རེད།

    འཕྲིན་ཡིག་ནང་། ཨ་རིས“ཁ་དན་ཚིག་ལ་མི་གནས་པར”རྦད་དེ་ཞི་བདེ་ཡིན་པའི་རྒྱལ་ཁབ་ཅིག་ལ་རྒོལ་རྡུང་བཏང་དོན་ནི། ཝེ་ནེ་ཙུའེ་ལ་ཡི་ད་ལྟའི་སྲིད་དབང་གཏོར་བ་དང་འབྲེལ“གཞན་བཀོལ་སྲིད་གཞུང”ཞིག་བཙན་འགེལ་བྱས་ཏེ། རྒྱལ་ཁབ་དེའི་རྡོ་སྣུམ་གྱི་ཐོན་ཁུངས་བཙན་འཕྲོག་བྱེད་པར་དམིགས་པ་ཞིག་རེད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།