ཧྲན་ཏུང་རུང་ཁྲེང་གི་ཧྲི་ཏའོ་གྲུ་ཁ་གསར་པར་རྒྱལ་སྒྲོལ་དྲ་ཚོང་འགག་སྒོ་ནས་སྒྲོལ་བ།

ཉེ་ཆར། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་གྲུ་ཁ་གསར་པའི་རྒྱལ་སྤྱིའི་མྱུར་སྐྱེལ་ལྟ་འདོམས་ལྟེ་གནས་ཀྱི་རྒྱལ་སྒྲོལ་དྲ་ཚོང་ཕྱིར་གཏོང་དོས་སྒམ་གྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ལས་དོན་པས་དྲ་ཚོང་དོས་སྒམ་ལ་གོ་རིམ་ལྡན་པའི་སྒོ་ནས་འགག་སྒོའི་ཞིབ་བཤེར་བྱས་ཏེ་གྲུ་གཟིངས་ནང་བླུགས་ནས་ཕྱིར་གཏོང་བྱེད་བཞིན་ཡོད། འདི་ནི་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཁུལ་གྱི་ཧྲི་ཏའོ་གྲུ་ཁ་གསར་པར་ཕྱི་རྒྱལ་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་གྲུ་གཟིངས་ཤིག་ནང་རྒྱལ་སྒྲོལ་དྲ་ཚོང་དོས་སྒམ་བླུགས་ནས་ཕྱི་རྒྱལ་གྱི་ཁྲོམ་རར་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།