དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་མཛེས་རྩལ་ལོ་ཟུང་འགྲེམས་སྟོན་སྐབས་བཅུ་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-06

    ཉེ་ཆར། ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་མཛེས་རྩལ་ལོ་ཟུང་འགྲེམས་སྟོན་སྐབས་བཅུ་པ་པེ་ཅིང་འགྲེམས་སྟོན་ཁང་དུ་འགོ་ཚུགས་པ་རེད། སྐབས་འདིའི་ལོ་ཟུང་འགྲེམས་སྟོན་གྱིས“མཉམ་གསོན”བརྗོད་དོན་གཙོ་བོར་བྱས་ཏེ་སྒྱུ་རྩལ་འབྲེལ་ཟམ་དུ་བྱས་པ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་ནས། འཛམ་གླིང་གི་ཡ་རབས་གླེང་མོལ་ལ་བསམ་བློའི་གཏིང་ཚད་དང་སྒྱུ་རྩལ་གྱི་དྲོད་ཚད་གཉིས་ལྡན་གྱི་རྩེར་སོན་སྟེགས་བུ་ཞིག་སྐྲུན་ཐུབ་རེ་བྱེད་ཀྱི་ཡོད། འགྲེམས་སྟོན་ནང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་120ཙམ་གྱི་བརྩམས་ཆོས(ཚོ་ཆུང)600ཙམ་འདུས་པ་དང་། གཞི་ཁྱོན་དང་ཁྱབ་ཁོངས་ནི་སྐབས་རིམ་བྱུང་གི་ཆེ་ཤོས་རེད། འདི་ནི་ལྟད་མོ་བ་ཚོས་ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་མཛེས་རྩལ་ལོ་ཟུང་འགྲེམས་སྟོན་སྐབས་བཅུ་པར་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།