རང་ལྗོངས་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས“དམངས་ཕན་རྩིས་ཐོ”བཏོན་པ།
2025ལོར་བོད་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་འཚོར་ཞབས་འདེགས་ཞུ་བ་ལྟེ་བའི་ལས་འགན་དུ་བརྩིས་ནས་དམངས་ཕན་བྱེད་ཐབས་ཞིབ་ཕྲ་དང་གོ་ཆོད་རབ་དང་རིམ་པ་བཏོན་པ་དང་དོན་འཁྱོལ་བྱས་པས། ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ལས་རིགས་ཀྱི“སྤེལ་མ་མང་བ་དང་གདམ་གསེས་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད། “ཁ་གསལ་སྒྲུབ་པ་དང་བློ་བདེའི་ངང་སྤྱོད་པའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ་གཉེར་སྐྱོང་ཚོང་པ་ཆེན་པོ་གསུམ་གྱིས་གཞུང་ཕྱོགས་དྲ་རྒྱ་དང་གཞུང་ཕྱོགས་ཀྱི་APPནས་གྲོན་དངུལ་ཡོངས་བསྒྲགས་ཆེད་ཁུལ་བཙུགས་ནས་འཚོང་བཞིན་པའི་གྲོན་དངུལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་གྲོན་དངུལ་གྱི་སྤེལ་མ་ཁག་ཁྲི་1.3ལྷག་ཙམ་ཁུ་བསྡུ་བྱས་ཡོད། དྲ་རྒྱའི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་བཏོན་པ་དང་ཞིང་འབྲོག་ཁུལ་གྱི་གཟིགས་སྐྱོང་གྲོན་དངུལ་གྱི་སྤེལ་མ་བཟོས་ཁར་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་གོང་གཅོག་པའི་གཟིགས་སྐྱོང་ཡང་བྱེད་ཀྱི་ཡོད།
དྲ་ཐོག་ཞབས་ཞུའི་ཆུ་ཚད་ངོ་བོའི་རང་བཞིན་གྱིས་མཐོ་རུ་ཕྱིན་ཡོད། བརྙན་ལམ་ཚོང་ཞབས་ཀྱི་ཁྱབ་གདལ་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་2025ལོའི་ལོ་ཧྲིལ་པོར་ཞབས་འདེགས་ཞུས་པའི་མི་ཐེངས་ཁྲི་90ལས་བརྒལ་ཡོད། བོད་རྒྱ་སྐད་གཉིས་ཀྱིIVRཕྱི་འབོད་སྐད་གཏོང་དྲན་སྐུལ་ནུས་པ་བཏོན་ནས་ཞབས་ཞུ་ཁྱབ་ཚད་མི་ཐེངས་ཁྲི་274ལྷག་ཙམ་ཟིན་ཡོད།
རྒན་རྒོན་ལ་འཚམ་པའི་ཞབས་ཞུ་མུ་མཐུད་བྱེད་ཟབ་ཏུ་གཏོང་ཆེད། གཉེར་སྐྱོང་ཚོང་པ་ཆེན་པོ་གསུམ་གྱིས་ལྗོངས་ཡོངས་ཀྱི་ལས་གཉེར་ཚོམས་ཆེན་ཡོངས་ལ་གཅེས་སེམས་ལས་སྟེགས་དམིགས་སུ་བཙུགས་ནས་རྒན་རྒོན་ལ་སྔོན་དུ་ཞབས་འདེགས་ཞུ་བ་དང་རམ་འདེགས་སྒྲིག་ཆས་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།