དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སློབ་མ་ཕ་ཡུལ་དུ་ལོག་པར་གཡས་གཞོགས་གཡོན་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-06

    ཉེ་ཆར། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་སློབ་མ་ཚོ་ཕ་ཡུལ་དུ་ལོག་པའི་དུས་ཚིགས་བསུས་ཤིང་། ནག་ཆུའི་སློབ་མ་3000ལྷག་ཙམ་Z22རྟགས་ཅན་གྱི་མེ་འཁོར་ལ་བསྡད་ནས་ཁྱིམ་དུ་ལོག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མ་མང་པོ་གཅིག་སྡུད་ཀྱིས་ཕ་ཡུལ་དུ་ལོག་པའི་ཁྱད་ཆོས་ལ་དམིགས་ནས། ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་སློབ་མ་ཕ་ཡུལ་དུ་ལོག་པའི་ཐོགས་མེད་བགྲོད་ལམ་ཆེད་མངགས་བཟོས་པས“བདེ་འཇགས་ཞིབ་བཤེར་མགྱོགས་པོ་དང་སྤ་སེ་ཞིབ་བཤེར་སྟབས་བདེ”བྱུང་ཡོད་པ་རེད། འདི་ནི་སློབ་མ་ཚོ་བང་བསྒྲིགས་ནས་མེ་འཁོར་ནང་འཛུལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།