དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་2026ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་མུ་མཐུད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-06

    རྒྱལ་ཁབ་ཀྱི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱིས་འདེགས་སྐྱོར་བྱས་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 2026ལོར་བོད་ཀྱིས་གྲངས་ཚད་གཅིག་མཚུངས་ཀྱི“རྒྱལ་ཁབ་ཀྱི་ཁ་གསབ”མ་དངུལ་མུ་མཐུད་ལོངས་སུ་སྤྱོད་རྒྱུ་དང་མིག་སྔར་མ་དངུལ་འདང་ངེས་དོན་འཁྱོལ་བྱུང་བའི་ཁར། ལྗོངས་ཡོངས་ཀྱི་ཁ་གསབ་གསོག་དངུལ་2025ལོའི་གཞི་ཁྱོན་དང་གཞི་རྩའི་ཆ་ནས་མཉམ་པས་འདང་ངེས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་འཛད་སྤྱོད་པས་རྒྱལ་ཡོངས་དང་གཅིག་གྱུར་གྱི“རྒྱལ་ཁབ་ཀྱི་ཁ་གསབ”རྒྱབ་སྐྱོར་མུ་མཐུད་ལོངས་སུ་སྤྱོད་རྒྱུ་དང་། རླངས་འཁོར་བེད་མེད་གསར་སྒྱུར་དང་། རླངས་འཁོར་བརྗེ་སྒྱུར་གསར་སྒྱུར། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་སྒྲུབ་བཅས་ཁྱབ་ཁོངས་ཆེན་པོ་བཞི་ལ་དམིགས་ནས། ཁ་གསབ་ཚད་གཞི་དང་མ་དངུལ་འགན་ལེན་བྱེད་ཤུགས་བརྟན་པོ་རྒྱུན་འཁྱོངས་བྱས་ནས་འཛད་སྤྱོད་པའི་སྲིད་ཇུས་ཀྱི་ཁེ་སྤོགས་ཆུང་དུ་མི་འགྲོ་བར་བྱ་རྒྱུ་རེད།

    དུས་མཚུངས་སུ་སྲིད་ཇུས་ཀྱིས་2026ལོའི་བརྡ་རྟགས་གསར་པ་བཏང་བ་སྟེ། ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་རིགས་12ནས་རིགས་6བར་ཉུང་དུ་གཏོང་རྒྱུ་མ་ཟད་རིམ་པ་དང་པོའི་ནུས་ཕྱོད་ཐོན་རྫས་ཁྱབ་ཁོངས་སུ་ཚོད་འཛིན་ཡང་བྱ་རྒྱུ་རེད། རིམ་པ་དང་པོའི་ནུས་ཕྱོད་ཀྱི་འཁྱགས་སྒམ་ལ་མཚོན་ན། འཛད་སྤྱོད་པས་སྔར་བཞིན་ཕྱིར་འཚོང་རིན་གོང་གི་15%ལྟར་ཁ་གསབ་དངུལ་ལེན་ཆོག་པ་དང་ཚད་གཞི་མཐོ་ཤོས་སྒོར་1500ཡིན་པ་རེད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“རྒྱལ་ཁབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། མ་དངུལ་ཉུང་དུ་མི་གཏོང་བ་བཅས་བྱེད་ཀྱི་ཡོད། ང་ཚོས་2026ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པ་དང་། 2026ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཞབས་ཞུའི་ལས་སྟེགས་སྔོན་ལ་བསྡུ་འདེམས་བྱས་ཤིང་། 2026ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཡོད། གཞན་ཡང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིབ་ཕྲའི་ལག་བསྟར་ཞིབ་སྲོལ་གང་མགྱོགས་བཏོན་ནས་སྲིད་ཇུས་ཀྱི་ཁེ་སྤོགས་གནད་སྨིན་ངང་འཛད་སྤྱོད་པར་ཐད་ཀར་རག་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།