དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།

    ཀྲུའུ་ཞི་ཞི་ཅིན་ཕིང་གི་2026ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-01-06

    “འགོ་རྩོམ་མཁན་གྱིས་གྲུབ་འབྲས་ཐོབ་པར་བརྩོན། བྱས་པ་ཅན་གྱིས་ཇུས་བཟང་སྔོན་ནས་འདིང”2026ལོའི་ལོ་གསར་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལ་དམིགས་ནས“ང་ཚོས་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཐོག་གདེང་ཚོད་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས”ཞེས་ནན་བཤད་གནང་ཡོད།

    འོ་ན་ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་ཞེས་པ་ག་རེ་རེད་དམ། ཇི་ལྟར་བྱས་ནས་བྱས་རྗེས་ངོ་མཚར་ཅན་གཏོད་དགོས་སམ་ཞེ་ན། ལོ་རྒྱུས་ཁྲོད་དེའི་སྐོར་གྱི་བློ་འབྱེད་ཟབ་མོ་ཡོད།

    མི་རིང་བའི་གོང་། ཧྲའན་ཤིས་ཤིས་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཀྲུང་གོ་མྱུར་བགྲོད་ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་5ལྷག་ཟིན་ཏེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཞན་དག་གི་སྤྱི་འབོར་གྱི་ལྡབ་གཉིས་ལྷག་ཙམ་ཟིན་ཡོད། “དེང་རབས་ཅན་གྱི་རྗེས་སུ་ལུས་པའི་རྒྱལ་ཁབ”ནས“དེང་རབས་ཅན་གྱི་ལག་ལེན་གྱི་ལྟེ་གནས”བར་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་དག་ནུབ་ཕྱོགས་བའི་མིག་ནང་གི“བསམ་ཚོད་ལས་བརྒལ་བའི་འཆར་གཞི”ཞིག་ཏུ་གྱུར་ཡོད།

    མྱུར་བགྲོད་མེ་འཁོར་མགྱོགས་མྱུར་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། གཞུང་ལམ་འཕྲེད་གཞུང་གང་སར་ཁྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་བ། མཁའ་འགྲུལ་ཐད་ནམ་མཁའི་དབྱིངས་སུ་འཕུར་ནས་ཟླ་བའི་གོ་ལར་དཔྱད་ཞིབ་སྣ་ཚོགས་བྱེད་ཐུབ་པའི་གྲུབ་འབྲས་ཐོབ་པ་སོགས་གྲངས་ལས་འདས། དབུལ་ཕོངས་ཉམས་ཞན་དང་བརྙས་བཅོས་དང་དབང་ཡོད་ཚད་མེད་མྱོང་བའི་ཀྲུང་གོས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ནུབ་ཕྱོགས་དར་རྒྱས་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་བརྒྱུད་རིམ་བསྐྱོད་ཟིན་ཏེ་མིའི་རིགས་ཀྱིས་དེང་རབས་ཅན་ལ་ཕྱོགས་པའི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཐུབ་པ་སུ་ཞིག་གི་ཡིད་ལ་འཁོར་སྲིད་དམ། དེང་བལྟས་སྔ་དྲན་བྱེད་སྐབས་མི་རྣམས་ལ“རང་རེའི་ཀྲུང་གོ་གུང་ཁྲན་ཏང་མི་ཁོ་ནས་དེ་དག་མངོན་འགྱུར་བྱེད་ཐུབ་པའི”མྱོང་ཚོར་ཟབ་མོ་ཡོང་གི་ཡོད།

    དབུལ་པོ་དབུལ་ནག་སེལ་བའི་འཛམ་གླིང་གི་དཀའ་གནད་མདུན་དུ་ཧྲག་དམག་དཔུང་འཇུག་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད།

    སྔར་བྱུང་མ་མྱོང་བའི་རྡབ་རྡེག་དང་འགྲན་སློང་འཕྲད་སྐབས། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འཁྲུག་རྩོད་ལ་སྤྱི་འདོམས་བྱས་ནས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་ཡོད།

    དུས་རབས་གསར་པ་ཚུན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་རྗེས“གལ་ཏེ་ངོ་མཚར་ཅན་ལ་ཚོས་མདོག་ཡོད་ན་དེ་ནི་ཀྲུང་གོའི་དམར་མདངས་དེ་ཡིན་ངེས་རེད”ཅེས་པ་མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་སྙིང་གཏམ་ལ་གྱུར་ཡོད།

    འབད་འབུངས་མདུན་སྐྱོད་བྱེད་རིང་ང་ཚོས་ཏང་གི་འགོ་ཁྲིད་ནི་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པའི“མཚོ་རྟེན་ཀ་བ”ཡིན་པ་དང“གཏན་འཁེལ་གཉིས”ནི་ང་ཚོས་རྒྱང་ལམ་གསར་པར་ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གཏོད་པའི་རྩ་བའི་འགན་ལེན་ཡིན་པ་དེ་བས་ཀྱང་གསལ་པོ་ཤེས་ཡོད།

    ལོ་རྒྱུས་ཀྱི་དབྱུག་མཐུད་འགྲན་རྒྱུག་ནང་དབྱུག་པ་རེ་རེ་བྱས་ནས་གཅིག་མཇུག་གཉིས་མཐུད་ངང་རྒྱུག་དགོས། སྐས་རྣམ་རིམ་བགྲོད་ཀྱི་བརྒྱུད་རིམ་ནང་གོམ་པ་སྤོ་ཐེངས་ཚང་མ་བརྟན་པོ་སྤོ་དགོས། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སུ་སླེབས་སྐབས་ང་ཚོས་དེ་བས་ཀྱང་ངར་ཤུགས་བསྒྲིམས་ཏེ་བབ་བསྟུན་མདུན་སྐྱོད་བྱེད་དགོས།

    ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་པར་ང་ཚོས་གདེང་ཚོད་བརྟན་དུ་གཏོང་དགོས།

    “དཀའ་ངལ་མེད་པ་མི་སྲིད་པས་དཀའ་ངལ་རེ་རེ་བཞིན་ཁྱད་བསད་དང་། ལོ་རེ་བཞིན་དཀའ་ངལ་ལས་རྣམ་པར་རྒྱལ་བས་ལོ་རེ་ལས་ལོ་རེ་ཡག་ཏུ་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ལོ་5000ལྷག་ཙམ་རིང་དེ་ལྟར་བྱས་པ་རེད། ལ་བརྒལ་ཉག་སྒྲོལ་བྱེད་པར་འགག་རྩ་ནི་གདེང་ཚོད་བརྟན་དུ་གཏོང་རྒྱུ་དེ་རེད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དེས་འཕེལ་རྒྱས་ཀྱི་རྒྱུན་རྣམ་མངོན་ཡོད་ལ་འབད་འཐབ་ཀྱི་རྣམ་པའང་མངོན་ཡོད།

    ལོ་རྒྱུས་ཆེན་པོའི་ལྟ་བ་ལྟར་ན་དེང་གི་ཀྲུང་གོ་ནི“ལོ་རྒྱུས་ལྡན་པའི་ཀྲུང་གོའི་རྒྱུན་མཐུད་དང་འཕེལ་རྒྱས”ཡིན་པ་དང་ང་ཚོ་གནས་སའི་དུས་རབས་ནི་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པའི་དུས་རབས་ཤིག་རེད།

    འབྱུང་འགྱུར་ལ་ཕྱོགས་སྐབས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ང་ཚོས“འགྲུབ་མི་ཐུབ་པ”མང་པོ་ཞིག“སྒྲུབ་ཐུབ་ངེས”ལ་འགྱུར་བར་བྱེད་དགོས།

    ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་པར་ང་ཚོས་ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དེ“ཏང་ཡོངས་དང་རྒྱལ་ཡོངས་ལ་སྤྱི་ཡོངས་ནས་སྐུལ་སློང་དང་རིམ་ལྔའི་ཧྲུའུ་ཅིས་འཐབ་སར་མཉམ་དུ་ཡོང་ནས”གྲུབ་པའི་མཉམ་ཤུགས་དང་ཁ་འབྲལ་ཐབས་མེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ་ལས་བྱུང་བ། ཟླ་བའི་ལྷ་མོ་རྟགས་ཅན་ཟླ་བའི་གོ་ལར་བསྐྱོད་པ་དང་མཁའ་འདྲི་རྟགས་ཅན་སྐར་མ་མིག་དམར་སྟེང་དུ་བསྐྱོད་པ་སོགས་ཚན་རྩལ་གྲུབ་འབྲས་གལ་ཆེན་དེ་དག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱུང་ཡོད། དེ་ནི་རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་ལེཌ་ཆ་འདོན་སྤེལ་གང་ལེཌ་བྱས་པ་ལས་བྱུང་བ་ཞིག་རེད།

    བྱས་རྗེས་ངོ་མཚར་ཅན་ནི་གནམ་ནས་གཏན་ནས་ཟགས་མི་སྲིད། དེ་ནི་ཏང་གི་འགོ་ཁྲིད་འོག་མི་དམངས་དུང་ཕྱུར་མང་པོས་དཀའ་སྤྱད་རྔུལ་ཆུར་བརྟེན་པ་དང་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད།

    འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་། སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བར་དམིགས་ཏེ་གདེང་ཚོད་བརྟན་དུ་གཏོང་བ་དང་ལེགས་ཆ་ཡག་པོ་སྤྱད་དེ་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རང་འགུལ་ཐོབ་པར་བྱས་ན་ང་ཚོས་རྒྱང་ལམ་གསར་པར་དེ་བས་གཡུར་དུ་ཟ་བའི་རྒྱུགས་ལན་གསར་པ་འབུལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།