དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བའི་དཔེ་མཚོན་གྱོད་དཔེ་ཆེ་གྲས་བཅུ་མཉམ་དུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-01-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུས་སྡོད་ཁང་འཛུགས་སྐྲུན་པུའུ་དང་། ཆུ་བེད་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བའི་དཔེ་མཚོན་གྱོད་དཔེ་ཆེ་གྲས་བཅུ་ཁག་བཞི་པ་མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད།

    འདི་ནི་གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    སྐྱེ་ཁམས་ཁོར་ཡུག་པུའི་གསར་འགྱུར་མགྲིན་ཚབ་པ་ཕེ་ཞའོ་ཧྥེ་ཡིས་ངོ་སྤྲོད་བྱས་པར། ད་ལོ་ནི་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། 2015ལོར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ཇུས་གཞི》བཀྲམ་ཚུན། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བའི་གྱོད་གཞི་ཁག་ཁྲི་6.6ཙམ་སྒྲུབ་གཉེར་བྱས་པ་དང་། གུན་གསབ་འཇལ་བའི་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་352ཟིན་ནས་གཏོར་སྐྱོན་ཕོག་པའི་སྐྱེ་ཁམས་ཁོར་ཡུག་འབོར་ཆེན་སླར་གསོ་ཐུབ་པར་སྐུལ་མ་ཐེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེ་ཆེ་གྲས་བཅུ་དེ་སྐྱེ་ཁམས་ཁོར་ཡུག་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཆུའི་ཐོན་ཁུངས་སྲུང་སྐྱོང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་མང་པོར་ཁྱབ་པ་དང་ཆབས་ཅིག་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བའི་ཞུ་གཏུག་གྱོད་གཞིའི་ནང་ཐོག་མར་བཅུག་ཡོད། དཔེ་མཚོན་གྱོད་དཔེ་ཕུད། སྡེ་ཚན་བཞིས་ད་དུང་དཔྱད་གཞིར་འཛིན་ཆོག་པའི་གྱོད་དཔེ་ཁག་39དུས་མཚུངས་སུ་ཁྱབ་བསྒྲགས་བྱས་པས་དཔེ་མཚོན་གྱོད་དཔེ་དང་གསབ་རེས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།