དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་དང་པོར་ཕྱིར་སྐྱོད་འགྲུལ་པ་མི་ཐེངས་དུང་ཕྱུར་2ལས་བརྒལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་དང་པོར(ཟླ་1ཚེས་1ཉིན)སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་20747.5ཟིན་པ་དེ་དུས་མཚུངས་ལས་20.3%འཕར་ཡོད་པ་རེད།

    ཞིབ་ཕྲ་འདི་ལྟར་ཏེ། གཞུང་ལམ་ཐོག་མི་སྣ་འགྲོ་སྐྱོད་བྱེད་ཚད(མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མར་ལས་གཉེར་རང་བཞིན་མིན་པའི་སྒེར་འཁོར་ཆུང་གྲས་འགྲོ་སྐྱོད་བྱེད་ཚད་དང་གཞུང་ལམ་ཐོག་གི་ལས་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་རླངས་འཁོར་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཚུད་པ)མི་ཐེངས་ཁྲི་18628ཟིན་པ་དེ་དུས་མཚུངས་ལས་17.5%འཕར་ཡོད་པ་རེད།

    ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1856ཟིན་པ་དེ་དུས་མཚུངས་ལས་67.9%འཕར་བ་དང་། ཆུ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་68.4ཟིན་པ་དེ་དུས་མཚུངས་ལས་2.9%འཕར་བ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་195.1ཟིན་པ་དེ་དུས་མཚུངས་ལས་10.3%ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།