དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་ལྕགས་ལམ་ནས་འཚོང་བྱའི་རླངས་འཁོར་དབོར་འདྲེན་བྱེད་ཚད་ཁྲི་800ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-04

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། འཚོང་བྱའི་རླངས་འཁོར་280བླུགས་པའི་མེ་འཁོར་ཞིག་ཁྲུང་ཆིང་ཡུས་ཙུའེ་ཟོག་ར་ནས་རྡོག་ཐོན་བྱས་པ་དང་བསྟུན་ཏེ། 2025ལོར་ལྕགས་ལམ་ནས་འཚོང་བྱའི་རླངས་འཁོར་དབོར་འདྲེན་བྱེད་ཚད་ཁྲི་800ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོ་ལྕགས་ལམ་གྱིས་འཚོང་བྱའི་རླངས་འཁོར་དབོར་འདྲེན་གྱི་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། 2024ལོར་ལྕགས་ལམ་ནས་འཚོང་བྱའི་རླངས་འཁོར་དབོར་འདྲེན་བྱེད་ཚད་ཁྲི་751.81ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་20.83%འཕར་བ་དང་། 2025ལོར་སླར་ཡང་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། རྒྱལ་ནང་གི་དབོར་འདྲེན་ཁྱབ་ཁོངས་སུ། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཁོངས་གཏོགས་ཀྲུང་གོ་ལྕགས་ལམ་དམིགས་བསལ་དངོས་ཟོག་ཟོག་འགྲུལ་མ་རྐང་ཚད་ཡོད་ཀུང་སིས་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་ཨང་དང་པོ་དང་། ཧྲང་ཧའེ་རླངས་འཁོར། པི་ཡཱ་ཏི། ཅི་ལིད་སོགས་རླངས་འཁོར་ཁེ་ལས་དང་མཉམ་ལས་དམ་ཟབ་བྱས་ཏེ། ཆེད་དོན་ཞབས་ཞུའི་ཚོགས་པ་འཛུགས་པ་དང“བཟོ་གྲྭར་བཅའ་སྡོད་བྱས་ནས་སྦྲེལ་མཐུད་དང་ཇུས་གཞི་བཟོ་བ་ཟུང་དུ་འབྲེལ་བའི”འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུས་པ་བརྒྱུད། 2025ལོར་ཚོང་ཤག་ཆེ་གྲས་ལ་རླངས་འཁོར་དབོར་འདྲེན་བྱས་པའི་བསྡུར་གྲངས་ཀྱི་བཟུང་ཚད་92%ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།