2025ལོར་རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
ཉེ་ཆར། གསར་འགོད་པས་རྒྱལ་ཡོངས་དམངས་སྲིད་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2025ལོར་རང་རྒྱལ་གྱི་རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱེད་ཡུལ་མི་ཁྲི་3910.4དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི་486.1ལ་འགན་ལེན་བྱས་པ་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་ལ་འགུལ་རྣམ་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་བཏང་བས། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་1189.7དང་དབང་སྐྱོན་ཚབས་ཆེན་ཡོད་མཁན་ཁྲི་1664ལ་ཕན་པ་ཐོབ་པ། རིམ་རྩིས་བརྒྱབ་ན་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང་ཁྲི་224ལ་རྒན་འཕྲོད་ཁང་པ་སྒྱུར་བཀོད་བྱས་པ་དང་། རྒན་རྒོན་གྱི་ཟ་ཁང་ཁྲི་8.6བསྐྲུན་པ། རྒན་གསོའི་སྒྲིག་གཞི་དང་སྒྲིག་ཆས་ཁྲི་39.6ཟིན་པ། རྒན་གསོའི་སྒྲིག་གཞིའི་བདག་སྐྱོང་རྣམ་པའི་ཉལ་ཁྲི་བཟུང་ཚད་67.5%ཟིན་པ། སྲིད་འཛིན་ཁུལ་དབྱེའི་སྤྱི་འདོམས་འཆར་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་ཀྱི་ས་མིང་ཁྲི་30.4ཚད་ལྡན་དུ་བཏང་ཡོད་པ་རེད།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན་པས། དམངས་སྲིད་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་འདུའི་ཐོག རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ཀྱི་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གང་ལེགས་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་པར་འདེགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།