རང་རྒྱལ་གྱི་5Gབཟོ་གྲྭའི་གྲངས་འབོར་8000ལས་བརྒལ་བ།
ཉེ་ཆར། གསར་འགོད་པས་རྒྱལ་ཡོངས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོར་བཟོ་ལས་དཔལ་འབྱོར་ཉིད་གནོན་ཤུགས་ཁྲོད་མདུན་དུ་བསྐྱོད་དེ་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་བས། སྤུས་ཚད་མཐོར་འདེགས་དང་འབོར་ཚད་ལུགས་མཐུན་འཕར་སྣོན་བྱུང་ནས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད་པ་རེད། མིག་སྔའི་བར། རྒྱལ་ཡོངས་ཀྱི་བཟོ་ལས་5Gཆེད་དམིགས་དྲ་བའི་རྣམ་གྲངས་ཁྲི་2དང་5Gབཟོ་གྲྭའི་གྲངས་འབོར་8000ལས་བརྒལ་ཡོད་པ་རེད།
བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་སོང་ཞིང་། རིམ་རྩིས་བརྒྱབ་ན། སྔོན་ཐོན་རིམ་པའི་རིག་ནུས་བཟོ་གྲྭ་7000ལྷག་ཙམ་དང་གཟེངས་སུ་ཐོན་པའི་རིག་ནུས་བཟོ་གྲྭ་500ལྷག་བསྐྲུན་པ་དང་། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་གྲྭ་6430དང་ལྗང་མདོག་བཟོ་ལས་གླིང་ཁུལ་491སྐྱེད་སྲིང་བྱས་པ། བཟོ་ལས་ཀྱི་ཟོག་སྙིགས་འབོར་ཆེན་ཕྱོགས་བསྡུས་སྤྱོད་ཚད་57%ཟིན་ཡོད་པ་རེད། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་གཙོ་བོའི་འཁོར་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་བདེ་བླག་བཏང་བ་ལས། མཚོན་རྟགས་རང་བཞིན་གྱི་ལག་རྩལ་དང་ཐོན་རྫས་ཁག་གཅིག་ལ་ཐོད་བརྒལ་བྱུང་ཡོད། ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཐོད་བརྒལ་གསར་པ་བྱུང་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་ཆེད་དོན་རྣམ་གྲངས་དང་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིར་སྤྱི་འདོམས་ཀྱིས་ལག་བསྟར་བྱས་ཡོད་པ་རེད། མིས་བཟོས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་200ལས་བརྒལ་ཡོད་པ་རེད།
ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་མུ་མཐུད་ཆེ་རུ་སོང་སྟེ། 2025ལོའི་ཟླ་11པའི་ཟླ་མཇུག་བར། 5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་483ཟིན་ཞིང་། རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེན་པོ་97ཁྲོད་ཀྱི་རིགས་91ནང་5Gཁྱབ་ཡོད་པ་རེད། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་ཉེར་སྤྱོད་བྱ་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་བཅོས་སྐྱོང་གཏིང་ཟབ་བྱས་ཡོད་པ་རེད། སྔོན་དཔག་ལྟར་ན། 2025ལོའི་ལོ་ཧྲིལ་པོར་གློག་འཕྲིན་ལས་སྒོའི་སྤྱིའི་ལས་འབོར་དང་མཉེན་ཆས་ཀྱི་ལས་གཉེར་ཡོང་འབབ་ཁག་སོ་སོར་དུས་མཚུངས་ལས་9%དང་12%ཙམ་འཕར་བ་དང་། གྲངས་འཛིན་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་9%ཙམ་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།