དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་འཛད་ཟོག་རྙིང་པ་གསར་པར་བརྗེས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-04

    ཚེས་1ཉིན་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་གསར་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལོ་ཧྲིལ་པོར་རྙིང་པ་གསར་པར་བརྗེས་པའི་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.6ལས་བརྒལ་ནས་མི་ཐེངས་དུང་ཕྱུར་3.6ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དེའི་ནང་རླངས་འཁོར་རྙིང་པ་གསར་པར་བརྗེས་ཚད་ཁྲི་1150ལྷག་ཙམ་ཟིན་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེས་ཚད་དུང་ཕྱུར་1.29ལྷག་ཙམ་ཟིན་པ། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོས་ཚད་ཁྲི་9100ལྷག་ཙམ་ཟིན་པ། ཁྱིམ་ཚང་གི་ཐབ་ཚང་དང་གསང་སྤྱོད་ཀྱི་ཡོ་ཆས་གསར་པ་བརྗེས་ཚད་དུང་ཕྱུར་1.2ལྷག་ཙམ་ཟིན་པ། གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེས་ཚད་ཁྲི་1250ལྷག་ཙམ་ཟིན་ཡོད།

    འཛད་སྤྱོད་རྒྱུན་མཐུད་རྒྱ་སྐྱེད་གཏོང་བར་འདེགས་སྐྱོར་བྱས་ཤིང་། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.0%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་བ་དང་། རྙིང་པ་གསར་པར་བརྗེས་པས་སྤྱི་ཚོགས་ཀྱི་སིལ་ཚོང་བསྡོམས་འབོར་བརྒྱ་ཆའི་གྲངས་1ལས་བརྒལ་བར་སྐུལ་ཁྲིད་བྱས་པ་མ་ཟད། ཁྱིམ་སྤྱོད་གློག་ཆས་སིལ་ཚོང་གི་གྲངས་འབོར་དེ་2024ལོའི་ལོ་ཧྲིལ་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་ཁྲི་ཡི་འགག་སྒོ་ལས་བསྒྲལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཀྱང་བཏོད་ཡོད།

    ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྣེ་ཁྲིད་བྱས་ཤིང་། རླངས་འཁོར་རྙིང་པ་གསར་པར་བརྗེས་པའི་ཁྲོད། ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་60%ཙམ་བཟུང་བ་དང་། ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་སིལ་ཚོང་ཁྲོམ་རའི་ཐོབ་སྐལ་བསྟུད་མར་ཟླ་བ་དགུ་ཡི་རིང་50%ལས་བརྒལ་བ་དང་དེའི་ནང་ནས་ཟླ་11པར་59.4%ཟིན་ཡོད། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེས་པའི་ཁྲོད། རིམ་པ་དང་པོའི་ནུས་འབྲས(ཆུའི་ཕན་ནུས)ཐོན་རྫས་ཀྱིས་བཟུང་བའི་བསྡུར་ཚད་90%ལས་བརྒལ་ཡོད། འཕྲིན་གཏོང་ཡོ་བྱད་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་བསྡོམས་འབོར་ཟླ་བ་11རིང་བསྟུད་མར་འཕར་ཡོད།

    མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་ཞིང་། 2024ལོའི་ཟླ་9པར་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན་རིམ་རྩིས་བརྒྱབ་ན། འཛད་སྤྱོད་པར་ཐད་ཀར་ཁྱབ་པའི་ཁ་གསབ་སྒོར་དུང་ཕྱུར་4.8ལས་བརྒལ་བ་དང་། ལྗང་མདོག་དང་། ཐཱན་ཉུང་། རིག་ནུས་བཅས་ཀྱི་ཐོན་རྫས་གསར་པ་འབོར་ཆེན་ཞིག་མི་སེར་གྱི་འཚོ་བའི་ཁྲོད་ཁྱབ་ཡོད། 2025ལོར་ཁྱིམ་སྤྱོད་རླངས་འཁོར་གསར་པ་གཉིས་རེ་བཙོངས་ཚེ་རླངས་འཁོར་གཅིག་ལ་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད། གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེས་ཚད་2024ལོའི་ལྡབ་9ལས་བརྒལ་བ་དང་། གསར་དུ་བརྗེས་པའི་གློག་སྒུལ་རྐང་འཁོར་ཚང་མར་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཐོན་རྫས་ཚད་ལྡན་ལག་ཁྱེར་དང་CCCལག་ཁྱེར་ཡོད། བདེ་འཇགས་རང་བཞིན་དེ་བས་ལེགས་པའི་ཞ་སྐྱུར་གློག་རྫས་གསོག་བྱེད་ཀྱི་འཁོར་རིགས་ཀྱིས་90%ཙམ་བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།