དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་མི་དམངས་ནོར་དཔལ་གླེང་སྟེགས་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-04

    ཉིན་ཤས་གོང་། མི་དམངས་དྲ་བས་གཙོ་གཉེར་བྱས་པའི“2025ལོའི་མི་དམངས་ནོར་དཔལ་གླེང་སྟེགས”པེ་ཅིང་དུ་འཚོགས་ཤིང་། ད་རེས་གླེང་སྟེགས་ཀྱིས“བབ་བསྟུན་འཕྲལ་སྒྲུབ་ངང་འགོ་ཡག་པོ་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཏུང་ཉིང་དང་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲོའུ་ཤིང་གླེང་སྟེགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་དང་མི་དམངས་དྲ་བའི་ཏུང་ཧྲི་ཀྲང་གཅིག་ལྕོགས་ཡེ་ཀྲེན་ཀྲེན་གྱིས་ཤིས་ཚིག་གསུངས་པ་རེད།

    གླེང་སྟེགས་སུ་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་། ཀྲུང་གོ་སྤུས་ཚད་ཁས་ལེན་དཔང་འདོན་ལྟེ་གནས། ཀྲུང་གོ་འཛད་སྤྱོད་པ་མཐུན་ཚོགས་བཅས་ནས་ཡོང་བའི་སྐུ་མགྲོན་དང་། དེ་བཞིན་ཀྲུང་གོ་ཏ་ཐང་དང་། ཨའོ་ཁེ་སི་དྲོད་སྙོམས། ཡོན་ཆི་ནགས་ཚལ། ཡིའུ་པི་ཞོན། ཁ་ཡིའུ་སོགས་ཁེ་ལས་ནས་ཡོང་བའི་འཐུས་མིས་ལག་ལེན་གྱི་ཉམས་མྱོང་དང་ལྟ་ཞིབ་བསམ་གཞིག་སྐོར་མཉམ་སྤྱོད་བྱས་པ་རེད། ཚོགས་ཞུགས་མི་སྣས། ཀྲུང་གོའི་དཔལ་འབྱོར་་གྱིས་གནོན་ཤུགས་གདོང་གིས་བསུས་ནས་མདུན་སྐྱོད་དང་གསར་གཏོད་ལེགས་ཕྱོགས་སུ་འཕེལ་རྒྱས་བཏང་བས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་རྨང་གཞི་བཏིང་ཡོད། སླད་ཕྱིན་ནང་མཁོ་རྒྱ་སྐྱེད་བཏང་ནས་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སློང་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཆེན་པོ་ཐུན་མོང་ཐོག་གཅིག་ཏུ་བསྒྲིལ་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།