ལུས་རྩལ་རིག་གནས་ཀྱི་བརྩམས་ཆོས་ཕུལ་བྱུང་ཡོངས་བསྒྲགས་བྱེད་སྒོ་པེ་ཅིང་དུ་སྤེལ་བ།
ཉིན་ཤས་གོང་ལུས་རྩལ་རིག་གནས་ཀྱི་བརྩམས་ཆོས་ཕུལ་བྱུང་ཡོངས་བསྒྲགས་བྱེད་སྒོ་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་ཐོག་བརྩེགས་ཁང་ཆེན་གྱི་མི་དམངས་དྲ་བའི་ཐོག་མའི་བསམ་འདུན་སྙན་ཞུ་ཐིང་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཤེས་དཔལ་སྐྱེད་སྲིང་ཅུས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དྲིལ་བསྒྲགས་སི། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སྨྱན་སྦྱོར་ལས་ཁུངས་དོ་དམ་སི་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། མི་དམངས་དྲ་བ་དང་། པེ་ཅིང་ལུས་རྩལ་སློབ་ཆེན། ཀྲུང་གོའི་བསམ་པའི་དཔལ་ཡོན་དྲ་བ་བཅས་ཀྱིས་འགན་འཁུར་ནས་གཉེར་བ་ཞིག་རེད།
ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། མི་དམངས་ཉིན་རེའི་ཚགས་པར་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དེ་བཞིན་ས་གནས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་དང་། ལུས་རྩལ་ཅུས། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། ལུས་རྩལ་ལས་རིགས་ལས་ཁུངས། དྲ་སྦྲེལ་ལས་སྟེགས་གཙོ་བོ། མཐོ་སློབ་དང་སྨྱན་སྦྱོར་ཚན་པ་སོགས་ཀྱི་སྐུ་མགྲོན་100ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
2025ལོའི་ཟླ་6པར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཤེས་དཔལ་སྐྱེད་སྲིང་ཅུས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དྲིལ་བསྒྲགས་སི། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སྨྱན་སྦྱོར་ལས་ཁུངས་དོ་དམ་སི་བཅས་ཀྱིས་ཐུན་མོང་ཐོག་ལུས་རྩལ་གྱི་སྤྱི་ཕན་བརྡ་ཁྱབ་དང་ཀྲུང་ཧྭ་ལུས་རྩལ་གཏམ་རྒྱུད་འཚོལ་བསྡུའི་བྱེད་སྒོ་སྤེལ་བ་དང་། བརྩམས་ཆོས་8000ལྷག་ཙམ་འཚོལ་བསྡུ་ཐུབ་ནས་དྲང་གཞག་ཞིབ་དཔྱད་དང་གདམ་གསེས་ནན་པོ་བྱས་པ་བརྒྱུད། 《ཀྲུང་ཧྭ་ལུས་རྩལ་སྙིང་སྟོབས་དྲིལ་བསྒྲགས་གློག་བརྙན། ཀྲུང་གོ་ཤུགས་རྒྱོབས》དང《ཀྲུང་གོའི་དྲག་རྩལ》གྱི་རིམ་སྤེལ་སྐད་གཉིས་དངོས་མཚོན་གློག་བརྙན་ཆུང་གྲས་སོགས་བརྩམས་ཆོས་ཕུལ་བྱུང་120འོས་སྦྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།