དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་སྨྱན་སྦྱོར་གྱིས་གླེང་མང་བའི་ཁྲོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”དང“ལོ་ལྔ་ཚན་བཅོ་ལྔ་པ”(སྟོད་ཆ)

    “ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པར་སྣེ་ཁྲིད་བྱེད་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིན་ཙི་ཧན།   |     སྤེལ་དུས།  2026-01-04

    2025ལོར“ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་ཉེར་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”མཇུག་བསྡུའི་མཚམས་སུ་ཕྱི་རྒྱལ་སྨྱན་སྦྱོར་གྱིས་བཀོད་པའི་འཕྲིན་སྤེལ་དང་གསོན་ཉམས་དོད་པའི་ཚིག་རེ་རེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རེ་བ་ཟབ་མོ་བཅངས་པ་མཚོན་ཡོད།

    “བློས་འགེལ་ཆོག་པའི་རྒྱབ་རྟེན”

    2025ལོར་ཀྲུང་གོའི་དཔལ་འབྱོར་གྱི་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་140ཙམ་ཟིན་པ་དེ་ནི་གོ་ལ་ཧྲིལ་པོས་དོ་སྣང་བྱེད་པའི་ལམ་ཚད་རྡོ་རིང་ཞིག་རེད།

    ཕྱི་རྒྱལ་གྱི་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་རྒྱབ་ལྗོངས་འོག་ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་གཤིས་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ་བཅས་ཡོད་པས། དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བར་འདེགས་སྐྱོར་བརྟན་པོ་ལྡན་པ་ལྟ་ཞིབ་ཐུབ་ཡོད། “བརྟན་པོའི་རང་བཞིན”དང“མཉེན་གཤིས”ནི་ཕྱི་རྒྱལ་སྨྱན་སྦྱོར་གྱི་འཕྲིན་སྤེལ་ཁྲོད་གླེང་མང་བའི་ཐ་སྙད་དུ་གྱུར་ཡོད།

    ཉེ་ཆར། དབྱིན་ཇིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་ནས། ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དང“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱུན་མཐུད་བཀོད་ཇུས་ལ་དོ་སྣང་བྱས་ཤིང་། 2021ལོ་ནས་2025ལོ་བར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་དཔལ་འབྱོར་གྱི་གྲུབ་འབྲས་བརྟན་དུ་བཏང་བ་མ་ཟད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བཀོད་ཇུས་ལའང་ཤུགས་སྣོན་བརྒྱབ་ཡོད་ཅེས་བརྗོད་ཡོད།

    《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》ཐོག་ཚགས་པར་དེའི་སྤྱི་ཁྱབ་རྩོམ་སྒྲིག་པའི་རྩོམ་ཡིག་བཀོད་ནས། “ལོ་ལྔ་ཚན་བཅུ་བཞི་པའི”གོང་གི་ལོ་བཞི་ཡི་ནང་ཀྲུང་གོའི་དཔལ་འབྱོར་ལོ་རེར་ཆ་སྙོམས་5.5%འཕར་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཙམ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པའི་གནས་ཚུལ་འོག་ཀྲུང་གོ་སྔར་བཞིན་དཔལ་འབྱོར་བརྟན་པོ་དང་འཕར་བའི་འབྱུང་ཁུངས་སུ་གྱུར་ནས་འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་བསྣན་ཡོད། དེང་གི་ཀྲུང་གོ་ནི“བློས་འགེལ་ཆོག་པའི་རྒྱབ་རྟེན”ཡིན་པ་འཛམ་གླིང་ལ་ར་སྤྲོད་བྱས་ཡོད་ཅེས་བརྗོད་ཡོད།

    “གོ་ལ་ཧྲིལ་པོའི་གསར་གཏོད་ཚོད་ལྟ་ཁང”

    “སུམ་རྩེན”ཐན་ཡུས་དང་། C919རྟགས་ཅན་འཕུར་སྐྱོད། མྱུར་བགྲོད་ལྕགས་ལམ་ཤར་གཏོང་། 5Gཤར་གཏོང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད། རྒྱལ་ཐོན་AIདར་བ་ལ་སོགས་ལོ་5ཡི་རིང་ཀྲུང་གོས་གཅིག་རྗེས་གཉིས་མཐུད་ངང་རང་བརྟེན་གསར་གཏོད་ཀྱི་མཐོ་ས་བཟུང་ནས་འཛམ་གླིང་ཐོག་རྒྱལ་ནང་གི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་500ཟིན་པའི་རྒྱལ་ཁབ་དང་པོར་གྱུར་བ་དང་། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ལོ་6བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། རྒྱལ་སྤྱིའི་མི་སྣ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་ཀྲུང་གོ་ནི“གསར་གཏོད་ཀྱི་འབྱུང་ཁུངས”དང་། “གོ་ལ་ཧྲིལ་པོའི་གསར་གཏོད་ལྟེ་གནས”“གསར་གཏོད་ཀྱི་ཚོད་ལྟ་ཁང”བཅས་སུ་གྱུར་ཡོད་ཅེས་བརྗོད་པ་རེད།

    འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་2025ལོར་ཁྱབ་བསྒྲགས་བྱས་པའི《2025ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས》ནང་ཀྲུང་གོ་བང་རིམ་མདུན་གྱི་ཨང་བཅུ་པར་ཐོག་མར་སླེབས་ཡོད། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་ལས་རོགས་ཨ་ལའེ་མན་གྱིས་ཀྲུང་གོའི་གསར་གཏོད་ལམ་བུ་ནི་ཀྲུང་གོ་རང་ཉིད་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་གསར་གཏོད་སྐྱེ་ཁམས་མ་ལག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་འཛམ་གླིང་གི་གསར་དར་དཔལ་འབྱོར་དངོས་ཚན་གཞན་དག་ལ་མིག་དཔེ་བཏོད་ཡོད་ཅེས་བརྗོད།

    མིག་སྔར། ཀྲུང་གོའི་རིག་ནུས་བཟོ་སྐྲུན་སྒྲིག་ཆས་དང་། བཟོ་ལས་མཉེན་ཆས། མ་ལག་ཐག་གཅོད་ཇུས་གཞི་བཅས་ཀྱི་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་ལ་བཏང་བའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.5ཟིན་ཡོད།

    དབྱི་ཐ་ལིའི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་ཐུའུ་ལི་ཨོ·པུའུ་ཆེ་ལཱ་ཐུའོ་ཡིས་ཀྲུང་གོར་ནུས་རྒྱུ་དང་། ཁོར་ཡུག AI རྩིས་འཁོར། འཕྲིན་གཏོང་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་གསར་གཏོད་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་བར་བརྟེན“གོ་ལ་ཧྲིལ་པོའི་གསར་གཏོད་ཚོད་ལྟ་ཁང”དུ་འགྱུར་རེ་ཡོད་ཅེས་བརྗོད།

    “ལྗང་མདོག་ཐོན་ལས་ཀྱི་སྣེ་ཁྲིད་པ”

    ལྗང་མདོག་ནི་དེང་སྐབས་ཀྲུང་གོའི་མངོན་གསལ་དོད་པའི་གཞི་རྟེན་དུ་གྱུར་ཅིང་། ལོ་ལྔའི་རིང་། ཀྲུང་གོར་ནགས་ཚལ་ཁྱབ་ཚད་25%ཡན་མང་དུ་ཕྱིན་ནས་གོ་ལ་ཧྲིལ་པོར་སྔོ་འགྱུར་རྒྱ་ཁྱོན་གསར་པ1/4ལེགས་སྐྱེས་ཕུལ་ཡོད། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་87%ཡས་མས་སུ་བརྟན་པོ་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་བརྒྱ་ཆའི་གྲངས་3འཕར་ཡོད། “སྔོ་ལྗང་མང་དུ་གཏོང་བ”དང་། “སྦགས་བཙོག་འགོག་བཅོས”“ནུས་སྤྱོད”“འཁོར་རྒྱུག”བཅས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཀྲུང་གོས་ཀྱང་གོ་ལ་ཧྲིལ་པོར་ལྗང་མདོག་ཐོན་རྫས་མཁོ་སྤྲོད་བྱེད་ཚད་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་ཞིང་། རྒྱལ་ཁབ་མང་པོ་ཞིག་གིས“ཀྲུང་གོའི་ལག་རྩལ་དང་གསར་གཏོད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད། གལ་ཏེ་ཀྲུང་གོའི་འབྲེལ་ཡོད་མཁོ་སྤྲོད་འཁོར་འབྲེལ་ནང་མགྱོགས་མྱུར་ཞུགས་མ་ཐུབ་ཚེ་གསར་གཏོད་ཀྱི་གོ་སྐབས་ཤོར་སྲིད་པའི”ངོས་འཛིན་བྱས་ཡོད།

    “ཀྲུང་གོར་ཐེངས་མང་བསྐྱོད་མཁན་གྱི་ཨ་རི་བ་ཕ་ཡུལ་དུ་ལོག་སྐབས་ཕ་ཡུལ་འཕེལ་རྒྱས་བྱུང་བར་ཧང་སངས་ཡོད་ལ། ལྷག་པར་དུ་ཉི་ནུས་དང་། གློག་རྫས་ལག་རྩལ། གློག་སྒུལ་རླངས་འཁོར་བཅས་ཤུགས་ཆེན་དར་བར་དེ་བས་ཧང་སངས་ཡོད” 《ཉིའུ་གཡོད་སྐབས་དོན་ཚགས་པར》ཐོག་བཀོད་པའི་རྩོམ་ཡིག་ནང་གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མ་སྔར་བཞིན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་ཚད་གཞི་ངེས་ཅན་གྱི་ཐོག་ནས་བརྗོད་ན“ལྗང་མདོག་ཐོན་ལས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་པའི་ཀྲུང་གོའི་བཀའ་དྲིན་ལས་བྱུང་བ་ཞིག་རེད”2025ལོའི་ཟླ་7པའི་བར་གོ་ལ་ཧྲིལ་པོའི་ད་ཡོད་ཀྱི་རླུང་གློག་དང་ཉི་ནུས་ཀྱི་རྣམ་གྲངས་74%ནི་ཀྲུང་གོས་སྐྲུན་པ་ཞིག་རེད་ཅེས་བརྗོད་ཡོད།

    “སྐྱིད་སྣང་དོད་པའི་ས་ཆ”

    ཀྲུང་གོས་འཕེལ་རྒྱས་ཁྲོད་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོར་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་མ་ལག་བསྐྲུན་པས་འགག་རྩའི་དམིགས་ཚད་མང་པོ་ཞིག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པ་སྟེ། ལོ་ལྟར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་མཁན་ཁྲི་1200ཡན་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ལ་སྨན་རིན་རྩིས་ཞུ་བྱས་པས། མི་ཐེངས་དུང་ཕྱུར་6ལྷག་ཙམ་ལ་ཕན་པ་ཐོབ་པ། གོ་ལ་ཧྲིལ་པོར་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ། དྲ་སྦྲེལ་ཁྱབ་ཚད་79.7%ཟིན་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་སྲ་བརྟན་གྱི་དམངས་འཚོའི་གསལ་ཐོ་ལས་བདེ་སྐྱིད་ཀྱི་རྣམ་པ་མཐོང་ཐུབ་ཅེས་བརྗོད་ཡོད།

    དབྱིན་ཇིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། དཔལ་འབྱོར་འཕེལ་རྒྱས་དང་། ལས་ཀའི་གོ་སྐབས། གྲོང་ཁྱེར་གྱི་སྟབས་བདེའི་རང་བཞིན་བཅས་ཀྱི་འཛུགས་སྐྲུན་ཐད་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དེ་གར་སྡོད་མཁན་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྤུས་ཚད་མཐོ་བའི་འཚོ་བ་དང་ལས་ཀའི་ཁོར་ཡུག་བཏོད་ཡོད། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་བ་མི་ཉུང་བ་ཞིག་གིས་ཀྲུང་གོའི་འཚོ་བར་བསྔགས་བརྗོད་བྱས་ཏེ་ཀྲུང་གོ་ནི་སྐྱིད་སྣང་དོད་པའི་ས་ཆ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

    “ཕྱོགས་གཉིས་སྒོ་དབྱེའི་ལས་སྟེགས་ཆེན་པོ”

    སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྒོ་དབྱེའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་བཏོད་ཡོད།

    ཡོ་རོབ་ཀྱི《དེང་རབས་ཕྱི་འབྲེལ》དྲ་ཚིགས་ཐོག་རྩོམ་ཡིག་བཀོད་ནས། ཀྲུང་གོས་གནད་འཕིགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྒོ་དབྱེ་རྣམ་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོས་ཁྱབ་གདལ་བཏང་བའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕྱོགས་གཉིས་སྒོ་དབྱེའི་ལས་སྟེགས་ཆེན་པོ་མང་པོ་བསྐྲུན་ཡོད་ཅེས་བརྗོད་ཡོད།

    2024ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་འཇོག་བྱས་ནས་བཙུགས་པའི་ཁེ་ལས་ཁྲི་123.9ལྷག་ཙམ་ཟིན་པ་དང་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་སྒོར་དུང་ཕྱུར་ཁྲི་20.6ཟིན་ཡོད། ཀྲུང་གོས་རྒྱལ་ཁབ་30དང་ས་ཁུལ་23དང་རང་མོས་ཚོང་དོན་གྲོས་ཆོད་བཞག་ནས་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།

    “ཀྲུང་གོས་གོ་ལ་ཧྲིལ་པོའི་གསར་གཏོད་དང་། ཚོང་དོན། མ་འཇོག་བཅས་ཀྱི་ལྟེ་བའི་གནས་བབ་བཏོད་པ་མ་ཟད། ལམ་ལུགས་རྣམ་པའི་སྒོ་དབྱེའི་དཔེ་མཚོན་ཡང་བཏོད་ཡོད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གི་ལོ་5ཡི་འཕེལ་རིམ་ལས། ཀྲུང་གོས་འཛམ་གླིང་གི་འཕོ་འགྱུར་དང་བསྟུན་པ་མ་ཟད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པར་དེ་བས་སྣེ་ཁྲིད་བྱས་ཡོད” 《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》ཐོག་གནས་ཚུལ་སྤེལ་ནས“ལེའུ་གསར་པ་གཏོད་ཉེར་ཡོད་པ་དང་ཀྲུང་གོས་སྒོ་དབྱེ་དང་། ཕན་ཚུན་འབྲེལ་མཐུད། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཛམ་གླིང་དཔལ་འབྱོར་ཁྲོད་འགག་རྩའི་ནུས་པ་མུ་མཐུད་འདོན་རྒྱུ་རེད”ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།