དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-04

    ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ཝེ་ཧའེ་གྲོང་ཁྱེར་གྱིས་སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཐད་ཀར་ཁྱབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཧྲན་ཏུང་ཤིན་ཧྭ་དཔེ་ཚོང་ཁང་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། ཕྱོགས་གཉིས་པོས“ཤིན་ཧྭ་ལྟ་ཀློག”རིག་གནས་འཆད་ཉན་ཁང་དང“+དཔེ་ཁང”སོགས་སྤྱི་པའི་རིག་གནས་ཞབས་ཞུའི་ལས་སྟེགས་མཉམ་དུ་བསྐྲུན་པ་དང་། སྤྱི་ཕན་འཆད་ཁྲིད་དགེ་རྒན་དང“ཤིན་ཧྭ་ལྟ་ཀློག”གི་དགེ་རྒན་བསྡུས་ནས་མང་ཚོགས་ལ་དམངས་ཡོངས་དཔེ་ཀློག་དང་། བྱང་ཚད་མཐོར་གཏོང་། རིག་གནས་མྱོང་རོལ། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་མཐུན་སྦྱོར་སོགས་ཀྱི་ཞབས་འདེགས་ཞུས་ཏེ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་རེད། འདི་ནི་ཝེ་ཧའེ་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་དུ་གྲོང་མིས་དཔེ་དེབ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།