དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པ།

འདི་ནི་ཆུ་ཤུར་རྫོང་ཁོངས་སུ་བཞུར་བཞིན་པའི་ལྷ་ས་སྐྱིད་ཆུའི་རང་བྱུང་གི་མཛེས་ལྗོངས་ཡིན་པ།
ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་རེད་ལ་ས་མཐོའི་སྐྱེ་ཁམས་མ་ལག་གི་ལྟེ་བའི་གཞི་རྒྱུའང་རེད། དེའི་སྤུས་ཚད་ནི་འཐུང་ཆུའི་བདེ་འཇགས་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་། ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་བཅས་དང་ཐད་ཀར་འབྲེལ་བ་ཡོད། སྔ་ཕྱི་བར་གསུམ་དུ་རང་ལྗོངས་ཀྱིས་ཁྲིམས་སྲོལ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཙོག་ཆུ་གཙང་བསིང་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཉམས་གསོའི་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཆུའི་ཁོར་ཡུག་བཅོས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། འཕེལ་རྒྱས་དང་སྲུང་སྐྱོང་བར་གྱི་འབྲེལ་བ་དོ་སྙོམས་ཡོང་བ་བཅས་བྱས་ཏེ་རི་སྔོན་ཡུན་ནས་ཡུན་དུ་གནས་པ་དང་དྭངས་གཙང་ཆུ་མོ་རྟག་ཏུ་རྒྱུག་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།