དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཚན་པ་ཁག་གིས།

    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་དམངས་འཚོའི་དོན་དངོས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།      |     སྤེལ་དུས།  2026-01-03

    ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཚན་པ་ཁག་གིས་བྱེད་ཐབས་སྣ་མང་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་དམངས་འཚོའི་ལག་ལེན་ཟུང་འབྲེལ་དམ་ཟབ་ཀྱིས་གནད་སྨིན་རོགས་སྐྱོར་དང་། གཞི་རིམ་ཞབས་ཞུ། ཤེས་དཔལ་སྐྱེད་སྲིང་བཅས་ཀྱི་ཁྲོད་མུ་མཐུད་འབད་བརྩོན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ལས་དོན་ཨུ་ལྷན་གྱིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་སྟེང་ཆེན་རྫོང་གྱང་སྔོན་ཤང་ལྟག་ཤོད་གྲོང་ཚོར་བསྐྱོད་དེ“དང་བླངས་སྟོབས་ཤུགས་གཅིག་ཏུ་སྒྲིལ། མཛེས་སྡུག་སྤྱི་ཚོགས་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ཏང་གི་གཟིགས་སྐྱོང་དང་དབང་སྐྱོན་རོགས་སྐྱོར་སྲིད་ཇུས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་བཏང་ཡོད། ཏང་ཡོན་ལས་བྱེད་པས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། གྲོང་མི་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སྤྱི་ཁྱབ་ཧྲུའུ་ཅིས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ལྷག་པར་དུ་དབང་པོ་སྐྱོན་ཅན་གྱི་འཚོ་བར་ཐུགས་ཁུར་གནང་ལུགས་གསལ་བཤད་ཞིབ་ཕྲ་བྱས་པ་མ་ཟད། མང་ཚོགས་ཚོས་ཏང་གི་དམངས་ཕན་སྲིད་ཇུས་ཁག་ལ་རྒྱུས་མངའ་ལོན་ཆེད། ཏང་ཡོན་ཚོས་མང་ཚོགས་ཀྱིས་རྒྱུན་གཏན་ནས་དོ་ཁུར་བྱེད་པའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བཅས་དང་། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་དང་། དབང་སྐྱོན་གྱི་ལས་གཏོད་རོགས་སྐྱོར། བུ་ཕྲུག་གི་སློབ་གསོའི་འགན་ལེན་བཅས་ཐད་ཀྱི་དམངས་ཕན་སྲིད་ཇུས་ངོ་སྤྲོད་བྱས་པ་དང་གྲོང་མིའི་དྲི་བ་རེ་རེ་བཞིན་ལན་ཡང་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།