དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕཱ་མུའུ་ལན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕཱ་མུའུ་ལན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། ཁོང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། 2017ལོར་ངས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་བྱེད་རིང་། རྒྱལ་ཁབ་གཉིས་པོས་རང་མོས་ཚོང་དོན་གྱི་ཆོད་ཡིག་རིམ་སྤོར་ལ་མཉམ་དུ་ཞིབ་འཇུག་བྱེད་འགོ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་ཡིན། ཀྲུའུ་ཞི་ཕཱ་མུའུ་ལན་གྱི་སྐུལ་འདེད་འོག ཆོད་ཡིག་རིམ་སྤོར་གྲོས་མོལ་གྱི་འཕེལ་རིམ་ཡག་པོ་བྱུང་ཡོད། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མགོ་བོ་འདེགས་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བར་ཆུ་ཚད་མཐོ་བའི་འཕེལ་རྒྱས་བྱུང་བའི་མཚོན་ཚུལ་ངོ་མ་ཡིན་ལ། འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལའང་ངེས་གཏན་རང་བཞིན་དང་བརྟན་ལྷིང་རང་བཞིན་དེ་བས་མང་བ་བསྣན་ཡོད། 2026ལོ་ནི་ཀྲུང་གོ་དང་སུའེ་ཙེར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་བཙུགས་ནས་ལོ་ངོ་10འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་གཉིས་པོའི་གསར་གཏོད་མཉམ་ལས་ལ་གོ་སྐབས་ཆེན་པོ་ཡོད། ངས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུའུ་ཞི་ཕཱ་མུའུ་ལན་དང་ལྷན་དུ་འབད་བརྩོན་གྱིས་གཉིས་ཕན་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་གཏོང་བ་དང་། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།