སྒྲོག་འགྲེལ་གནད་དུ་སྨིན། གདེང་ཚོད་ཆེས་ཆེར་འཕེལ། མི་སེམས་གཅིག་ཏུ་བསྒྲིལ།
—— ལེའོ་ཉིང་དང་། ཧུའུ་ནན། མཚོ་སྔོན། ཀྲུང་གོ་མི་དམངས་སློབ་ཆེན་བཅས་ཀྱིས་སྒྲོག་འགྲེལ་བྱེད་སྒོ་སྣ་ ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ།
ཉིན་ཤས་བསྟུད་མར། ལེའོ་ཉིང་དང་། ཧུའུ་ནན། མཚོ་སྔོན། ཀྲུང་གོ་མི་དམངས་སློབ་ཆེན་སོགས་ས་གནས་ཁག་དང་ཚན་པ་ཁག་གི་སྒྲོག་འགྲེལ་ཚོགས་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད། རིགས་དབྱེ་དང་མང་ཚོགས་ཁག་བགོས་མངོན་གསལ་དོད་པོ་བཅས་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།
མང་ཚོགས་གང་དུ་ཡོད་པ་དེ་གར་སྒྲོག་འགྲེལ་བྱེད་ཀྱི་ཡོད། ལེའོ་ཉིང་དུ་ཐེ་ལིན་ཁའེ་ཡོན་གྲོང་ཁྱེར་ཧོང་ཆི་ཀྲའེ་གྲོང་རྡལ་གྱིས་འཆད་ཁྲིད་ཁང་ཡུལ་མིའི་ས་ཁྲིའི་ཐོག་སྤོས་པ་དང་། ཏ་ལེན་གྲོང་ཁྱེར་གྱིས་ཁོངས་གཏོགས་མཐོ་སློབ་ཀྱི་སྒྲོག་འགྲེལ་དཔུང་ཁག་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ། ཧྲེན་དབྱང་གྲོང་ཁྱེར་གྱིས་ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ“སྤྲིན་ཐོག་སྒྲོག་འགྲེལ་ཆུང་ངུ”ཞེས་པའི་བརྙན་ལམ་བརྩམས་ཆོས་རབ་དང་རིམ་པ་ཕབ་བཟོ་བྱས་པ་རེད།
སྒྲོག་འགྲེལ་སྙན་ཞུ་ཉན་རྗེས། དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཧྲེན་དབྱང་གྲོང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་ཁྲུའུ་ཡི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་ཀྲའོ་མིང་ཡུས་ཀྱིས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་མང་ཚོགས་དང་འདྲིས་བདེ་གཤིབ་བདེའི་རྣམ་པའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁ་གསལ་ལ་ཇི་མ་ཇི་བཞིན་དང་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལེའོ་ཉིང་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། ལེའོ་ཉིང་གིས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁྱོན་20ལས་གྲུབ་པའི་ཞིང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ཁོངས་གཏོགས་ཁག་ཏུ་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་བྱས་ནས་ཁྱོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་20འཚོགས་པས་མི་ཐེངས་ཁྲི་1.5ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད། གཞན་ཡང་། ལེའོ་ཉིང་གིས་ཁོངས་གཏོགས་ཁག་གི“ངལ་རྩོལ་དཔེ་བཟང་བའི་བཟོ་བོའི་སྙིང་སྟོབས་སྒྲོག་འགྲེལ་ཚོཌ་པ”དང་། “གཞོན་ནུའི་འཆད་ཁྲིད་ཚོགས་པ”“ལེའོ་ཉིང་གི་ཨ་ཅག་སྒྲོག་འགྲེལ་ཚོགས་པ”སོགས་སྒྲོག་འགྲེལ་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་རང་ངོས་ཀྱི་ལེགས་ཆར་གཞིགས་ནས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་སྤེལ་བར་སྐྱོད་པ་རེད།
ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་མང་ཚོགས་ཀྱིས་གང་ཞིག་ལ་དོ་ཁུར་བྱེད་པ་དེ་གཙོ་གནད་དུ་བརྗོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྲོག་འགྲེལ་བྱེད་རིང་ང་ཚོས་ནང་དོན་རྒྱ་ཆེ་ལ་ཆ་ཚང་བའི་སྙན་སྒྲོན་ཚོགས་འདུའི་སྒྲོག་འགྲེལ་ལ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ལ། ནང་དོན་རྒྱ་ཆུང་ཞིང་ཞིབ་ཚགས་པའི་གཞི་རིམ་གྱི་སྒྲོག་འགྲེལ་ཆུང་ངུ་མངོན་གསལ་དོད་པོ་ཡོང་བའང་བྱེད་ཀྱི་ཡོད། བཞུགས་མོལ་སྤེལ་རེས་རྣམ་པའི་སྒྲོག་འགྲེལ་ཡོད་ལ་བརྟག་ཞིབ་རྣམ་པའི་སྒྲོག་འགྲེལ་ཡང་ཡོད”ཅེས་ངོ་སྤྲོད་བྱས།
རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་། ཚ་རླབས་འཕྱུར་བ། མི་རྣམས་ཀྱི་ཡིད་དབང་འགུག་ཐུབ་པ་བཅས་བྱས་ཡོད། ཉེ་ཆར། ས་བབ་སྨི་4200ལྷག་ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་ས་གནས་དེ་གའི་གྲོང་རྡལ་གཅིག་དང་ཤང་ལྔར་བསྐྱོད་ཡོད། སྒྲོག་འགྲེལ་བྱེད་སྒོའི་ནང་ཁམས་པའི་གཏམ་དཔེ་རྒྱུན་འཛིན་པས་སྙན་ལ་དོན་སྙིང་ལྡན་པའི་ས་གནས་དེ་གའི་གཏམ་དཔེ་སྣ་ཚོགས་ལ་བརྟེན་ནས་སྲིད་ཇུས་ཀྱི་གཙོ་གནད་ནང་དོན་འབྲོག་པས་གོ་ཐུབ་པ་དང་བློ་ལ་བརྟན་པོར་ངེས་ཐུབ་པའི་གསོན་ཉམས་དོད་པའི་སྐད་ཆར་བསྒྱུར་བས། སྒྲོག་འགྲེལ་བྱ་ཡུལ་དུ་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲས་ཁེངས།
མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་6500ལྷག་ཙམ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་85ལྷག་ཙམ་ལ་ཐད་ཀར་ཁྱབ་པ། “གངས་ལྗོངས་ཀྱི་སྐད་སྒྲ”དང“ཟི་ལིང་གི་སྒྲོག་འགྲེལ”སོགས་ཁྱད་ལྡན་སྒྲོག་འགྲེལ་སྤུས་རྟགས་ཀྱི་ནུས་པ་གང་ལེགས་བཏོན་པ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་དང་མང་སོགས་ཀྱི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་བ་རེད།
ཐབས་ལམ་གསར་པས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དམིགས་ཚད་གསར་པས་མི་རྣམས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད། 2025ལོའི་ཟླ་12ཚེས་16ཉིན། ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་ཀོན་གྲོང་ཚོའི་སློབ་ཁུལ་དུ་སློབ་གྲྭའི་འགོ་ཁྲིད་གཙོ་བོས་ལོ་རྒྱུས་ཀྱི་ཟབ་ཚད་དང་། དུས་རབས་ཀྱི་མཐོ་ཚད། རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད། གོ་ལ་ཧྲིལ་པོའི་ཁྱབ་ཚད་སོགས་ཕྱོགས་བཞིའི་ཐད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་བྱས་པ་རེད།
ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་གླིང་གི་2022ལོའི་འབུམ་རམས་ཞིབ་འཇུག་སློབ་མ་ཡེ་ཝུན་ལུང་གིས“ཆེད་དོན་སྒྲོག་འགྲེལ་ཉན་རྗེས་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་བྱུང་། གཞོན་ནུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པ་ཞིག་གི་ངོས་ནས་ངས་ཀྱང་སློབ་གྲོགས་ཚོ་དང་མཉམ་དུ་ཁྲོམ་གཞུང་དང་སྡེ་ཁུལ་དུ་བསྐྱོད་དེ་གཞོན་ནུའི་སྐད་སྒྲའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་ཡག་པོ་རྒྱག་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།