དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་ཡིས་གནམ་ལོ་གསར་པ་བསུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-03

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་པའི་ཉིན་དང་པོའི་ཞོགས་པའི་ཉི་ཟེར་དང་འགྲོགས་ཏེ། ཚེས་1ཉིན་ཧྲང་ཧའེ་ཡི་ས་ཆ་མང་པོ་ཞིག་ཏུ་2026ལོའི་ལོ་གསར་བསུ་བའི་རྒྱུག་ཤར་གློད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། རྒྱུག་ཤར་གློད་མཁན་ཚོས་བདེ་ལྕག་འཁྱུག་པོས་རྒྱུག་ཤར་གློད་དེ་རེ་བས་ཁེངས་པའི་ལོ་གསར་པ་བསུས་པ་རེད།

    རྒྱུག་བརྡ་བཏང་བ་དང་ཆབས་ཅིག་བདམས་ཐོན་པ་ཆིག་སྟོང་ལྷག་ཙམ་ལུའུ་ཅ་ཙུའེ་རུ་གནས་པའི་ཤར་ཕྱོགས་མུ་ཏིག་རླུང་འཕྲིན་བརྙན་འཕྲིན་མཐོ་ལྕོག་གི་གྲོང་ཁྱེར་ཐང་ཆེན་ནས་ཐོན་ཏེ། རིང་ཚད་ལ་སྨི་259ཡོད་པའི་ཕྱི་གསལ་ནང་གསལ་གྱི་བར་སྣང་དུ་དཔྱངས་པའི་ལྟ་སྐོར་བར་ཁྱམས་དང་རིང་ཚད་ལ་སྨི་90ཡོད་པའི་ཕྱི་རོལ་གྱི་ལྟ་སྐོར་བར་ཁྱམས་ཀྱི་མཐའ་ཚུགས་སོ་སོར་འཛེགས་པ་རེད།

    “ཤར་ཕྱོགས་མུ་ཏིག་ལ་ཕེབས་ཤོག”ཅེས་ལོ་མང་བསྟུད་མར་གནམ་ལོ་གསར་ཚེས་ལ་ཧྲང་ཧའེ་གྲོང་མིས་ཤར་ཕྱོགས་མུ་ཏིག་ལ་འཛེགས་ནས་སྨོན་འདུན་ཞུ་བའི་བྱེད་སྒོར་ཞུགས་མཁན་སྐུ་ཞབས་ཀྲོའུ་ཆེ་གེ་མོས་བཤད་པ་དང་། ཁོང་གིས། ལོ་ལྟར་སྤེལ་བའི་བྱེད་སྒོ་འདིས་རྟག་ཏུ་དྲང་ནུས་བརྒྱུད་སྤྲོད་བྱེད་པས། ངས་ལོ་གསར་པའི་ཉི་གཞོན་དང་པོ་བསུ་ཐུབ་ཀྱི་འདུག་ཅེས་བཤད།

    ད་ལོའི་བྱེད་སྒོར་ད་དུང“ལོ་གསར་གྱི་སྨྱུག་ཁ་དང་པོའི”ལྷུ་ཚིགས་དམིགས་བསལ་དུ་བཀོད་སྒྲིག་བྱས་ནས་ཨང་དང་པོ་ཐོབ་མཁན་བདམས་ཐོན་པ་དང་དར་སོ་ཆེ་བའི་རྩེད་ཆས་ཀྱི་སྒྱུ་རྩལ་མཁས་ཅན་གདན་དྲངས་ཏེ། མཁའ་དབྱིངས་སུ་ལོ་གསར་ལ་སྨོན་འདུན་ཞུ་བའི་རི་མོ་མཉམ་དུ་གསར་རྩོམ་བྱས་པ་ལས་སྒྱུ་རྩལ་དང་ལུས་རྩལ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཟང་པོ་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།