དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་། ཁམ་ཕུ་ཁྲེ། ཐེ་ལན་བཅས་ཀྱི་ཕྱི་འབྲེལ་དཔོན་གྱིས་ཕྱོགས་གསུམ་གྱི་ཐུག་འཕྲད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-03

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་12ཚེས་29ཉིན་ཡུན་ནན་གྱི་ཡུས་ཤིས་སུ་ཀྲུང་གོ་དང་། ཁམ་ཕུ་ཁྲེ། ཐེ་ལན་བཅས་ཀྱི་ཕྱི་འབྲེལ་དཔོན་གྱི་ཐུག་འཕྲད་བདེ་བླག་ངང་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་པུའུ་ལ་སུའོ་ཁུན། ཐེ་ལན་གྱི་ཕྱི་འབྲེལ་དཔོན་ཤིས་ཧ་ས། དེ་བཞིན་རྒྱལ་ཁབ་གསུམ་པོའི་དམག་དཔུང་གི་འགན་འཁུར་བ་བཅས་ཞུགས་པ་རེད།

    ཝང་དབྱི་ཡིས་བརྗོད་དོན། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་གདོང་གཏུག་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོའི་དགོངས་དོན་རྒྱུན་འཛིན་བྱས་ཏེ་བར་འདུམ་ཧུར་ཐག་བྱས་ཡོད། ཀྲུང་གོའི་འགོ་ཁྲིད་པས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་འགོ་ཁྲིད་པ་དང་མཛའ་མཐུན་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ། ཕྱི་འབྲེལ་དཔོན་གྱི་ངོས་ནས་ཁ་པར་བརྒྱུད་དེ་འབྲེལ་གཏུག་ཐེངས་མང་བྱས་པ་དང་ཀྲུང་གོ་ཕྱོགས་ཀྱི་ཆེད་བསྐོས་ཕོ་ཉས་འཚམས་འདྲིར་ཐེངས་བཞི་བསྐྱོད་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་དམག་དཔུང་ཕྱོགས་ནས་ཉེ་ཆར་དམག་རྒྱག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད། དེའི་ཐད་ཀྲུང་གོ་བློ་མགུ་པོ་བྱུང་།

    ཝང་དབྱི་ཡིས་བརྗོད་དོན། ཕྱོགས་གསུམ་གྱི་ཐུག་འཕྲད་ནི་དུས་དང་མཐུན་པ་ཞིག་རེད། ང་ཚོས་འདི་གར་ཕྱོགས་གཉིས་གྲོས་མོལ་ཐེངས་མང་བྱས་པ་དང་ལྷག་པར་དུ་ཁམ་ཕུ་ཁྲེ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་དམག་དོན་སྡེ་ཚན་གྱིས་ཀྱང་འདི་གར་དངོས་སུ་གདོང་ཐུག་ཐུག་འཕྲད་ཀྱིས་སྤེལ་རེས་ཟབ་མོ་བྱས་པའི་ཐོག་ནས་སྒོ་དབྱེ་ཧུར་ཐག་བྱེད་པའི་རྣམ་འགྱུར་མངོན་པ་དང་། དུས་བབ་ཞི་ལྷོད་དུ་འགྲོ་བར་འབད་བརྩོན་བྱེད་པ་དང་། ཚང་མས་དམག་རྒྱག་མཚམས་འཇོག་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་སུ་གཏོང་འདོད་ཀྱང་ཡོད། ཕྱོགས་གསུམ་པོའི་བར་གྱི་གྲོས་བསྡུར་ནི་ཕན་པ་ཡོད་ལ་དགེ་མཚན་ལྡན་པར་བརྟེན། ཐུན་མོང་ངོས་འཛིན་གལ་ཆེན་གྲུབ་པ་སྟེ། གཅིག་ནི་མཉམ་དུ་མདུན་ཕྱོགས་སུ་ལྟ་བ་དང་མདུན་ཕྱོགས་སུ་སྐྱོད་པ། གཉིས་ནི་བབ་བསྟུན་རིམ་འགྲོས་ཀྱིས་སྔར་གནས་སུ་མི་སྡོད་པ། གསུམ་ནི་ཕན་ཚུན་གྱི་ཡིད་ཆེས་བསྐྱར་གསོ་ནི་གལ་འགངས་ཆེན་པོ་ཡིན་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱས་ཏེ། དམག་རྒྱག་མཚམས་འཇོག་པའི་ལྟ་སྐུལ་དང་། མི་ཆོས་ཀྱི་རོགས་སྐྱོར། འབར་རྫས་སེལ་བའི་མཉམ་ལས་སོགས་ཚུད་པའི་དགོས་ངེས་ཀྱི་གཞོགས་འདེགས་དང་རྒྱབ་སྐྱོར་མཐའ་དག་བྱེད་འདོད་ཡོད་ཅིང་། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་འབྲེལ་བ་མགྱོགས་མྱུར་ལེགས་ལམ་དུ་བསྐྱར་ལོག་ཐུབ་པར་རེ་སྒུག་བྱེད་པ་མ་ཟད་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།