དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས།

    ཐབས་མང་མཉམ་སྤྱོད་ཀྱིས་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་བརྟན་ལ་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-03

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2025ལོའི་ཟླ་12ཚེས་30ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་ཞུ་འགན་ལེན། མངོན་མེད་རྐྱེན་ངན་བཅོས་སྒྲིག གཙོ་གནད་སྐྱེལ་འདྲེན་རླངས་འཁོར་ལ་སྟབས་བསྟུན་ལྟ་འདོམས། གཞུང་ལམ་བདེ་འཇགས་ངང་ཤར་གཏོང་། ཨར་ལས་རྣམ་གྲངས་ལ་དོ་དམ། ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་སོགས་ཕྱོགས་བརྒྱད་ནས་2026ལོའི་དུས་ཚིགས་དང་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད།

    མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དཔྱིད་གསར་སྐྱེལ་འདྲེན་རིང་གི་བདེ་འཇགས་ཞབས་ཞུ་འགན་ལེན་བྱ་རྒྱུ་མ་ཟད། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཉེན་ཁ་ཚབས་ཆེན་གྱི་འབྱུང་རྐྱེན་ལ་དོ་དམ་ཚོད་འཛིན་ཡག་པོ་བྱས་ཏེ་དམིགས་བསལ་དང་ཚབས་ཆེའི་ལས་འཛོལ་མཐའ་གཅིག་ཏུ་འགོག་ཟོན་བྱ་རྒྱུ་རེད། ད་དུང་གཞུང་ལམ་དང་ཟམ་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་ཟམ་པ་འཛུགས་སྐྲུན་དང་འཁོར་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་དང་། ཨར་ལས་རྣམ་གྲངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་རྣམ་ཅན་གྱིས“ཁུལ་གསུམ་དང་བཟོ་གྲྭ་གཉིས”ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

    གཙོ་གནད་སྐྱེལ་འདྲེན་རླངས་འཁོར་ལ་སྟབས་བསྟུན་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་བདེ་དང་། འཕྲལ་སྡོམ། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གཞུང་ལམ་དུ་ཉེན་ཡོད་དངོས་ཟོག་སྐྱེལ་འདྲེན་གྱི་འཁོར་འབྲེལ་ཧྲིལ་པོར་མཉམ་དུ་ལྟ་འདོམས་ནུས་ལྡན་བྱེད་པ་དང་། ཁྲིམས་འགལ་ངང་ཚོང་གཉེར་དང་། གཏན་འབེབས་བྱས་པའི་ལམ་དུ་མི་སྐྱོད་པ་སོགས་ཀྱི་སྒྲིག་འགལ་ཚོང་གཉེར་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། གནམ་གཤིས་ངན་པ་དང་ས་གཤིས་གནོད་འཚེས་འགྲོ་སྐྱོད་བདེ་འཇགས་ལ་བཟོས་པའི་ཤུགས་རྐྱེན་ལ་དུས་ཐོག་ཏུ་བརྡར་ཤ་བཅད་དེ། འབྲེལ་ཡོད་སྐྱེལ་འདྲེན་ཁེ་ལས་ལ་གནོད་འཚེ་ཕོག་པའི་ལམ་དུམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དུས་ཐོག་ཏུ་མཚམས་འཇོག་པའམ་ཡང་ན་ལེགས་སྒྲིག་བྱེད་རྒྱུའི་ལྕག་སྐུལ་བྱས་ནས་གཉེར་སྐྱོང་བྱེད་མཚམས་འཇོག་དགོས་རིགས་ཚང་མ་ངེས་པར་དུ་མཚམས་འཇོག་རྒྱུ་རེད།

    གཞུང་ལམ་བདེ་འཇགས་ཤར་གཏོང་ཐུབ་པའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱེད་པ། གངས་གསོག་ཐེབས་པའི་ལམ་དུམ་དང་འཕྲལ་སྡོམ་སྟོབས་ཤུགས་ཀྱི“གསལ་ཐོ་གཉིས”སྟབས་བསྟུན་འཐུས་སྒོ་ཚང་དུ་བཏང་ནས། བོགས་གཏོང་སྒྲིག་ཆས་དང་དངོས་ཟོག་གྲབས་གསོག་བྱེད་པ་དང་འབྲེལ་འཕྲལ་སྡོམ་དང་ཤར་གཏོང་འགན་ལེན་སྟོབས་ཤུགས་སྔོན་ཚུད་གྲ་སྒྲིག་བྱེད་པ། ཉེན་རྟོག་དང་འགྲིམ་འགྲུལ་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་གནམ་གཤིས་ངན་པའི་སྐབས་ཀྱི་འགྲོ་ལམ་འགྲིམ་འགྲུལ་དོ་དམ་དང་། རླངས་འཁོར་ཕྱོགས་སྟོན་ཁ་འགྲེམས། རོགས་སྐྱོབ་ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མེ་སྐྱོན་གཏན་ནས་མི་ཐོན་པ་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་དང་། དངོས་ཟོག་སྒྲིག་ཆས་གསར་བརྗེ། འཕྲལ་སྡོམ་སྐྱེལ་འདྲེན་བྱེད་ཤུགས་གྲ་སྒྲིག་བཅས་ལ་ཤུགས་སྣོན་རྒྱག་པ་དང་། གྲང་ངར་དང་། གངས་འཁྱགས་སོགས་ཀྱི་གནོད་འཚེ་ཐོན་པ་དང་། ཞབས་ཞུའི་ཁུལ་དང་གྲོན་བསྡུའི་ས་ཚིགས་སུ་རླངས་འཁོར་འགག་པ། འགྲུལ་པ་ལུས་པ་སོགས་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་དང་ལས་འཛོལ་གྱི་ཉེན་ཁ་ཐོན་སྐབས་ཚན་རིག་དང་མཐུན་པའི་ངང་ཁ་གཏད་བཅག་ནས་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་རྒྱུ་རེད། གནམ་གཤིས་དང་ས་གཤིས་གནོད་འཚེའི་ཆ་འཕྲིན་ལ་ཚད་མཐོའི་དོ་ཁུར་བྱས་ནས་ཉེན་ཁར་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་སྟེ། སྔོན་ཚུད་ཉེན་བརྡ་དང་ཕྱིར་སྐྱོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།