མཚོ་སྔོན་མཚོ་བྱང་དུ་ཧྲན་ཏུང་གི་མཚོ་སྐྱོར་དགེ་རྒན་དཔུང་ཁག་གིས་སློབ་ཁྲིད་ཆུ་ཚད་མཐོ་རུ་འགྲོ་བར་རམ་འདེགས་བྱས་པ།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཧྲན་ཏུང་གི་མཚོ་སྐྱོར་རྣམ་གྲངས་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས། སློབ་ཁྲིད་ཀྱི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། སྔོན་ཐོན་གྱི་དོ་དམ་དང་སློབ་གསོ་སློབ་ཁྲིད་ཀྱི་འདུ་ཤེས་ནང་འདྲེན་བྱས་ནས། མཚོ་བྱང་ཀྲོའུ་སྤྱི་ཡོངས་ཀྱི་སློབ་གཉེར་ཆུ་ཚད་དང་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་པ་རེད། འདི་ནི་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་མཐོ་རིམ་སློབ་འབྲིང་དང་པོར་ཧྲན་ཏུང་མཚོ་སྐྱོར་དགེ་རྒན་དཔུང་ཁག་གིས་སློབ་དཔྱོད་བྱེད་སྒོ་སྤེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།